Messag from His Holiness

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན།

༄༅།། འདི་ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལོ་ཉི་ཤུ་འཁོར་བའི་དུས་སྟོན་བྱ་རྒྱུ་ཡིན་པར་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཐོག་མར་སླེབས་སྐབས། བོད་པའི་ཤོད་སྲོལ་ལྟར། སྒང་ན་གནམ་དང་འོག་ན་ས་ལས་ངོ་ཤེས་པ་མེད། དེའི་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་ནང་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་། དེ་བཞིན་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་སོགས་མང་པོ་ཞིག་གཏོང་ཕོད་ཅན་གྱི་མི་སྒེར་དང་། ཚོགས་སྡེ་སྒྲིག་འཛུགས། གཞུང་སོགས་ལ་བརྟེན་དགོས་བྱུང་ཡོད། དེ་ནས་ང་ཚོའི་སྤྱི་ཚོགས་ཡར་རྒྱས་སླད་དགོས་ངེས་ཀྱི་སྤྱི་ཚོགས་ཞབས་ཞུའི་སྣེ་འཁྲིད་མཁན་དང་། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནུས་ལྡན་དུ་སྐྲུན་མཁན་གྱི་སྡེ་ཚན་འགའ་དང་ལྷན་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མཐོང་རྒྱུར་འགོ་བཙུགས་སོང་། ལྷ་ཚོགས་པས་ལས་འགུལ་འདིའི་སྣེ་ཁྲིད་པའི་ཐོག་ནས་བོད་པའི་དབུ་ཁྲིད་ཀྱི་འབད་བརྩོན་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་མཐུན་སྦྱོར་བྱེད་ཀྱི་ཡོད།

0
49
Messag from the Tibetan Parliament in Exiles

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན།

༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བའི་དུས་ཆེན་ལ། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཕྱི་ལོ་ ༡༩༩༧ ནས་བཟུང་སྐུ་ཉིད་ཀྱིས་གནང་བཞིན་པའི་རླབས་ཆེའི་སྤྱི་ཚོགས་ཀྱི་ཞབས་ཞུ་ལ་ཚད་མཐོའི་གདེང་འཇོག་དང་ཡིད་རང་ཞུ་རྒྱུ་ཡིན། ལྷ་ཚོགས་པས་རྒྱ་གར་དུ་ཡོད་པའི་སྐྱབས་བཅོལ་བོད་མིར་དོན་སྙིང་ལྡན་པའི་རོགས་རམ་མང་པོ་གནང་བཞིན་ཡོད་པར་ཤེས་རྟོགས་བྱུང་བར་ཤིན་ཏུ་དགའ་པོ་བྱུང་། དེར་མ་ཟད་བོད་ཀྱི་རིག་གཞུང་དང་། སྐད་ཡིག ལེགས་བྱང་སོགས་སྲུང་སྐྱོབ་དར་སྤེལ་དང་། གོ་ལའི་ཁྱོན་ལ་བོད་དོན་གོ་རྟོགས་སྤེལ་བ་སོགས་ལྷ་ཚོགས་པའི་བཅོས་མིན་གྱི་ཆོད་སེམས་དང་སྙིང་སྟོབས་ལ་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཞུ་བཞིན་ཡོད། དེ་བཞིན་ལྷ་ཚོགས་པ་བཙན་བྱོལ་སྤྱི་ཚོགས་ནང་འདི་ལྟ་བུའི་ལམ་ལྷོངས་ཅན་དུ་བསྐྲུན་པར་ཕྱག་ལས་གནང་མཁན་ཡོངས་ལའང་བསྟོད་བསྔགས་ཞུ་རྒྱུ་ཡིན།

0
66
Messag from Prof Samdhong Rinpoche

བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་འཕྲིན།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་གཟི་བརྗིད་དང་གྲུབ་འབྲས་ལྡན་པའི་ལོ་ཉི་ཤུ་འཁོར་བའི་དུས་བཟང་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།ལྷ་ཚོགས་པར་ས་ཕྱོགས་འདྲ་མིན་ནས་ཡིན་པའི་སྒེར་སེམས་མེད་ཅིང་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་དང་། དྭང་བླངས་པ། དེ་བཞིན་ཚོགས་པའི་ལས་བྱེད་སོགས་ཀྱིས་ཆོད་སེམས་བཅས་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་སུ་ཞབས་ཞུ་ཚད་ལྡན་སྒྲུབ་བཞིན་པ་དང་། དེ་བཞིན་རྒྱ་གར་ས་གནས་མི་མང་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་། འཁོས་ཀ་ཞན་ཞིང་རོགས་རམ་དགོས་མཁོ་ཡོད་པ་སོགས་ལ་རོགས་སྐྱོར་ཀྱིས་མི་ཧ་ཅང་མང་པོའི་འཚོ་གནས་ལ་འགྱུར་བ་གཏོང་བཞིན་པར་ཤེས་རྟོགས་བྱུང་བར་ཤིན་ཏུ་དགའ་པོ་བྱུང་།

0
67
Messag from the Department of Home CTA

དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་གྱི་གསུང་འཕྲིན།

༄༅།། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་རྩི་གནང་འཆར་ཡོད་པར་ཤེས་རྟོགས་བྱུང་བར་སྤྲོ་བ་ཆེ། དེ་རིང་གི་གོ་སྐབས་བཟང་པོ་འདི་བརྒྱུད་ཚོགས་པ་འདི་གསར་འཛུགས་གནང་མཁན་དང་། ཚོགས་མི། རྒྱབ་སྐྱོར་བ་སོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།འདས་པའི་ལོ་ཉི་ཤུའི་ནང་། ལྷ་ཚོགས་པས་བོད་པའི་སྤྱི་ཚོགས་དང་། ས་གནས་རྒྱ་གར་མི་མང་། ཉེ་འཁོར་གྱི་ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱི་མི་མང་ལ། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ། རིགས་གཞུང་བརྗེ་རེས། རྒྱལ་སྤྱིའི་སྐད་ཡིག་འཛིན་གྲྭ། འཕྲོད་བསྟེན་དང་ཁོར་ཡུག་སྐོར་གྱི་སློབ་གསོ། འཐུང་ཆུ་གཙང་མ་མཁོ་འདོན། རིན་མེད་སྨན་བཅོས། སོ་དང་མིག་ལ་བརྟག་དཔྱད་དང་སྨན་བཅོས་སོགས་ཀྱི་ལས་གཞིའི་འོག་ཞབས་ཞུ་བླ་མེད་བསྒྲུབས་འདུག་ཅིང་། དྷ་སའི་བྱམས་པ་གླིང་རྒན་གསོ་ཁང་དང་། བོད་ཀྱི་གཞིས་ཆགས་ཁ་ཤས་ལ་ཐབས་སྣ་ཚོགས་ཀྱིས་རོགས་སྐྱོར་གང་ལེགས་གནང་ཡོད་པ་བཅས་ལ་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས།

0
45
Messag from the Tulane University School of Social Work USA

ཐུ་ལན་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་གྱི་འཚམས་འཕྲིན།

༄༅།། བརྩེ་བའི་ངག་དབང་ལགས། འདས་པའི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་འབྲེལ་ལམ་བྱེད་རྒྱུ་བྱུང་བ་ནི་དམིགས་བསལ་ཆེ་མཐོང་དང་གཟི་བརྗིད་ལྡན་པ་ཞིག་ཏུ་བརྩི་བཞིན་ཡོད། དུས་ཡུན་དེའི་རིང་། ང་ནི་ལྷ་ཚོགས་པའི་ལས་འཆར་མང་པོ་ཞིག་ལ་ཆ་ཤས་ཧུར་ཐག་ལེན་མཁན་ཞིག་ཡིན་ལ། ལྷ་ནི་སྐྱབས་བཅོལ་བོད་མིར་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་གི་སྒྲིག་འཛུགས་གལ་ཆེ་ཤོས་དང་གོང་འཕེལ་རྒྱ་བསྐྱེད་འགྲོ་བཞིན་པ་ཞིག་མཐོང་སོང་། ལོ་འདི་དག་ནང་ཚོགས་པའི་ལས་གཞི་མང་པོ་གོང་འཕེལ་བྱུང་བ་དང་། ཚོགས་པའི་ཐོག་མའི་དམ་བཅའ་སྟེ་རང་ཡུལ་དང་ཁ་བྲལ་ནས་ཡོང་བའི་རྒྱ་གར་དུ་ཡོད་པ་དང་། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་རྣམས་ལ་ཞབས་ཞུ་བསྒྲུབ་རྒྱུ་སོགས་ཡིན་པ་དྲན་སོས་ཀྱི་འདུག ལས་འཆར་དེ་རྣམས་ཞབས་ཕྱི་ཞུ་ཡུལ་རྣམས་ལ་གལ་གནད་ཆེ་ཞིང་དོན་སྙིང་ལྡན་པ་དང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡིན་པ་ཧ་ལམ་བསམ་བརྗོད་ལས་འདས་པ་ཞིག་རེད།

0
62
Messag from the Tibet Fund

ཨ་རིའི་བོད་ཀྱི་ཐེབས་རྩའི་འཚམས་འཕྲིན།

༄༅།། བརྩེ་བའི་ངག་དབང་ལགས།བོད་ཀྱི་ཐེབས་རྩ་ནས་ཁྱེད་དང་ཁྱེད་ཀྱི་ཚོགས་མི་རྣམས་ལ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་པའི་དུས་ཆེན་ཁྱད་པར་ཅན་འདིར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ལྷ་ནི་བོད་པ་སྐྱབས་བཅོལ་བ་སྟོང་ཚོ་བརྒལ་བའི་འཚོ་བར་འགྱུར་ལྡོག་བཏང་ནས་བོད་པའི་སྤྱི་ཚོགས་ནང་འབུར་དུ་ཐོན་པའི་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཉུང་ཤས་ཡོད་པའི་ནང་གི་གཅིག་རེད།ཨ་རིའི་བོད་ཀྱི་ཐེབས་རྩས་དགའ་སྤྲོའི་ངང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ལྷན་དུ་རྒྱུན་རིང་པོར་མཉམ་ལས་དང་རོགས་སྐྱོར་བྱས་ཏེ་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱིས་ཐག་རིང་དང་ཁུག་ཀྱོག་གི་བོད་མི་འདུས་སྡོད་ས་ཁུལ་དུ་འཐུང་ཆུ་གཙང་མ་མཁོ་སྤྲོད་དང་། རིན་མེད་ཞལ་ལག་མཆོད་སའི་སྤྱི་ཐབ། བྱིས་པའི་ཀློག་རྩལ་ཡར་རྒྱས་ཀྱི་བྱ་འགུལ། ཀམ་པུ་ཊར་གསར་ཉོའི་རོགས་རམ་སོགས་བྱེད་ཐུབ་པ་བྱུང་ཞིང་། འདས་པའི་ལོ་འདི་དག་ནང་རྒྱ་གར་དུ་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱི་ནུས་སྟོབས་གོང་འཕེལ་ཡོང་སླད་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད་མཆིས།

0
63
Lha20thyearanniversaryletter1

ཐུ་ལན་མང་ཚོགས་ཀྱི་ཞབས་ཞུའི་བསྟི་གནས་ཁང་གི་འཚམས་འཕྲིན།

༄༅།། བརྩེ་བའི་ངག་དབང་ལགས། ངས་ཐུ་ལན་སྤྱི་དམངས་ཞབས་ཞུའི་བསྟི་གནས་ཁང་གི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བའི་དུས་སྟོན་ལ་ཁྱེད་དང་ཁྱེད་ཀྱི་མཐུན་གྲོགས་ཀུན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ལྷ་ཚོགས་པས་ཐུ་ལན་གཙུག་ལག་སློབ་གྲྭའི་སློབ་གཉེར་བ་རྣམས་དང་། སློབ་དཔོན། ལས་བྱེད་སོགས་དང་མཉམ་ལས་ཀྱིས་ང་ཚོའི་སློབ་སྦྱོང་དང་། བོད་པའི་སྤྱི་ཚོགས་སུ་རོགས་སྐྱོར་བྱེད་པར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་བཅུ་ལྷག་ཙམ་རིང་ལྷས་ཐུ་ལན་མང་ཚོགས་ཀྱི་ཞབས་ཞུའི་བསྟི་གནས་ཁང་ (Tulane Center for Public Service) དང་། ཐུ་ལན་སྤྱི་ཚོགས་ཞབས་ཞུའི་སློབ་གྲྭ། (Tulane School of Social Work)…

0
46
Message from Tecnologico De Monterrey Mexico

མེག་སི་ཁོ་མཐོ་སློབ་ཀྱི་འཚམས་འཕྲིན།

༄༅།། བརྩེ་བའི་ངག་དབང་ལགས། བོད་པའི་སྤྱི་ཚོགས་དང་ཕྱི་རྒྱལ་སློབ་ཕྲུག་བར་གྱི་རིག་གཞུང་བརྗེ་རེས་བྱེད་པའི་ལྷའི་ལས་འཆར་དང་། དྭང་བླངས་བའི་གོ་སྐབས་བརྒྱུད་ནས་ལྷ་དང་ལྷན་དུ་ལས་ཀ་བྱེད་རྒྱུ་བྱུང་བ་ནི་དམིགས་བསལ་གྱི་དགའ་གུས་འོས་པ་ཞིག་རེད། (Tecnologico de Monterry) མཐོ་རིམ་སློབ་གྲྭའི་སློབ་མ་ ༦༠ ཙམ་དང་། རིག་གཞུང་བརྗེ་རེས་ཀྱི་ལས་འཆར་དེར་འཛུལ་ཞུགས་གནང་མཁན་གྱི་དགེ་རྒན་ཡོངས་ལ་ ༢༠༡༢ ཟླ་ ༡༢ དང་། ༢༠༡༣ ཟླ་ ༡༢ ༢༠༡༤ ཟླ་…

0
77
Message from the Tibet Relief Fund

ཨིན་ཡུལ་བོད་ཀྱི་ངལ་སེལ་ཐེབས་རྩའི་འཚམས་འཕྲིན།

༄༅།།བརྩེ་བའི་སྐུ་ཞབས་ངག་དབང་རབ་རྒྱས་ལགས། འདས་པའི་ལོ་ཉི་ཤུ་ལྷག་ཙམ་རིང་ལྷ་ཚོགས་པས་བོད་ཀྱི་སྤྱི་ཚོགས་ལ་ནུས་ལྡན་གྱི་ལས་དོན་བསྒྲུབས་པར་བཀྲ་ཤིས་བདེ་ལེགས་ཞུ་བར་བོད་ཀྱི་ངལ་སེལ་ཐེབས་རྩ་སྤྲོ་བ་རབ་ཏུ་བརྟས། ངལ་སེལ་ཐེབས་རྩས་ ༢༠༠༩ ནས་བཟུང་ལྷ་དང་ལྷན་དུ་མཉམ་ལས་བྱས་པའི་རིང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་དང་། མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོའི་ལས་གཞི། ལས་ཁུངས་ཀྱི་འཛིན་ཆས་གསར་ཉོ་སོགས་ལ་རོགས་སྐྱོར་བྱ་རྒྱུ་བྱུང་ཞིང་། ལྷ་ནི་བོད་པའི་སྤྱི་ཚོགས་ལ་དགོས་མཁོ་གང་ཡོད་ལ་གཞིགས་ནས་རོགས་སྐྱོར་གྱི་ལས་ཀ་བྱེད་པར་ཆེས་བྱང་ཆ་ལྡན་པ་ཞིག་རེད། ས་གནས་ཀྱི་བོད་རིགས་དང་ཡུལ་སྐོར་བ་གཉིས་ཀར་ཤེས་ཡོན་དང་གོ་རྟོགས་སྤེལ་རེས་བྱེད་པ་སོགས་ཕན་ཐོགས་ཧ་ཅང་ཆེ་བའི་སྐད་ཡིག་འཛིན་གྲྭ་དང་། ལས་རིགས་སྦྱོང་བརྡར་འཛིན་གྲྭ་སོགས་ཀྱི་མཐུན་རྐྱེན་སྦྱར་བཞིན་འདུག སྤྱི་ཚོགས་ཞབས་ཞུ་དང་། འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་ལས་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་དང་། སྐྱབས་བཅོལ་བོད་མིའི་སྤྱི་ཐབ་སོགས་ཀྱིས་མཚོན་པའི་ཞབས་ཞུ་མང་པོ་ཞིག་སྒྲུབ་བཞིན་པར་ཡི་རང་དང་། མ་འོངས་པའི་ལོ་ ༢༠ ནང་མུ་མཐུད་ནས་མཉམ་ལས་ཡོང་བའི་རེ་བ་ཡོད།ཧྥི་ལི་ཕཱ་ཁཱར་རིག་ (Philippa Carrick) གིས་ཕྱི་ལོ་ ༢༠༡༧…

0
45
Messag from Loyala University New Orleans USA

ཨ་རིའི་མངའ་སྡེ་ལུ་སི་ཡ་ན་ལཱོ་ཡོ་ལ་གཙུག་ལག་སློབ་གྲྭའི་འཚམས་འཕྲིན།

༄༅།། བརྩེ་བའི་ངག་དབང་ལགས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནང་ཁང་གིས་བོད་པའི་སྤྱི་ཚོགས་ཀྱི་ཆེད་དུ་ལོ་ཉི་ཤུའི་རིང་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབས་པར་ལཱོ་ཡོ་ལ་གཙུག་ལག་སློབ་གྲྭའི་རྒྱ་གར་གྱི་དཔྱིད་དུས་སློབ་གཉེར་ལས་འཆར་སྡེ་ཚན་གྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལྷས་བོད་རིགས་མི་མང་གི་བདེ་དོན་གོང་འཕེལ། སྐད་ཡིག་དང་རིག་གཞུང་སོགས་སྲུང་སྐྱོབ་ལ་ཞབས་འདེགས་བླ་ལྷག་ཞུས་པར་ངོས་འཛིན་ཞུ་གི་ཡོད། ང་ཚོར་ཁྱེད་ཀྱི་མིག་དཔེར་འོས་པའི་ལས་ཀ་ཡིས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁྱེད་ཀྱི་ལས་དོན་ནི་བྱམས་བརྩེ་དང་ཤེས་རབ་ལྡན་པའི་གཞན་ཕན་གྱི་ལས་ཀའི་དཔེ་མཚོན་ཞིག་རེད། དེར་བརྟེན་ཐུན་མིན་གྱི་སྒྲིག་འཛུགས་འདི་ལྟ་བུ་ཞིག་དང་ལྷན་དུ་ལོ་མང་རིང་མཉམ་ལས་དམིགས་བསལ་བྱེད་རྒྱུ་བྱུང་བ་ནི་དགའ་གུས་བྱ་འོས་པ་ཞིག་ལོས་ཡིན།

0
83