བོད་པའི་ན་གཞོན་འཚོ་ཐབས་ཀྱི་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་མུ་མཐུད་སྐྱོང་བཞིན་པ།

Cookery course 02

༢༠༡༩ ཟླ་༡༡ཚེས་༡ ཉིན་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལས་ཁ་ལག་བཟོ་སྟངས་སྦྱོང་བརྡར་ལས་རིམ་ཐེངས་གཉིས་པ་དེ་འགོ་འཛུགས་གནང་ཡོད་ཅིང་། སྦྱོང་བརྡར་དེར་མཉམ་ཞུགས་གནང་མཁན་བོད་པའི་གཞོན་སྐྱེས་གྲངས་༢༠ ཙམ་ཡོད་པ་དང་། སློབ་ཁྲིད་པ་་དགེ་རྒན་ལེགས་འཕེལ་ལགས་ཀྱིས་སྦྱོང་བརྡར་དེར་དུས་ཡུན་ཟླ་བ་གཉིས་ཀྱི་རིང་ཕྱི་ནང་གི་རྒྱལ་ཁབ་འདྲ་མིན་གྱི་ཁ་ལག་བཟོ་སྟངས་ཀྱི་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད།

༢༠༡༩ཟླ་༡༡ཚེས་༡༥ ཉིན་ཟླ་གསུམ་ཕུར་མཉེ་སྦྱོང་བརྡར་ལས་རིམ་ཐེངས་བཞི་པ་དེ་ཡང་འགོ་འཛུགས་གནང་ཡོད་པ་རེད། དེར་མཉམ་ཞུགས་པ་སློབ་ཕྲུག་༧ ཡོད་ཅིང་། སྦྱོང་བརྡར་དེའི་ནང་བོད་ཀྱི་སྲོལ་རྒྱུན་ཕུར་མཉེ་དང་སུན་ཌིཤ་ཕུར་མཉེ་བཅས། གངས་ལྗོངས་བདེ་ཐང་ལྟེ་གནས་སུ་དུས་ཡུན་ཟླ་བ་གསུམ་རིང་གནང་གི་ཡོད་པ་དང་། ཟླ་བ་གཅིག་རིང་སློབ་ཁྲིད་དང་ཟླ་བ་གཉིས་རིང་ལ་ལག་ལེན་གྱི་ཐོག་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད། ལས་རིམ་འདིར་སློབ་ཕྲུག་ཆ་བགོས་ཀྱི་ཉིན་གཅིག་ལ་འཛིན་གྲྭ་ཁག་གཉིས་སློབ་ཁྲིད་གནང་བཞིན་ཡོད་པ་རེད།

batch 4 ལྷ་ལག་ཤེས་སྦྱོང་བརྡར་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་ན་གཞོན་རྣམས་ལ་རང་ཉིད་འཚོ་ཐབས་རང་ཉིད་ཀྱིས་སྒྲུབ་ཐུབ་པ་དང་མ་འོངས་པར་བོད་པའི་ན་གཞོན་ཁྲོད་ལས་མེད་ཀྱི་ན་གཞོན་གང་ཐུབ་ཉུང་དུ་གཏོང་ཐབས་ཞིག་ཀྱང་ཡིན། ལག་ཤེས་སྦྱོང་བརྡར་དེ་རྣམས་རིན་མེད་ཐོག་སྤྲོད་ཀྱི་ཡོད་པ་དང་། སྦྱོང་བརྡར་རིང་ཉིན་གུང་ཞལ་ལག་སོགས་ཀྱི་མཐུན་རྐྱེན་ཡང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་སྦྱར་གྱི་ཡོད་པ་རེད།

Leave your comment