favicon-40.png

གསར་འགྱུར་

༢༠༢༦ ལོའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་བོད་ཀྱི་གཞོན་སྐྱེས་སྨན་ཞབས་ཀྱི་སློབ་ཡོན་ཐོབ་མཁན།

༄༅། །ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་གཞོན་སྐྱེས་སྨན་ཞབས་ཀྱི་སློབ་ཡོན་ཐོབ་མཁན་ལྔ་དང་ལྷན་དྲ་ཐོག་བརྒྱུད་སློབ་ཕྲུག་རྣམས་ཕན་ཚུན་ངོ་སྤྲོད་དང། ཚོགས་པའི་ལོ་རྒྱུས་ངོ་སྤྲོད། ལྷག་པར་སློབ་ཡོན་འདིའི་དམིགས་ཡུལ་གཙོ་བོ་ནི་ཁྱིམ་གྱི་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པའི་དབང་གིས་སློབ་སྦྱོང་མཚམས་འཇོག་དགོས་པ་མི་ཉུང་བ་ཞིག་འབྱུང་གི་ཡོད་དུས། ང་ཚོས་རང་རིགས་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་ཕུག་གི་དམིགས་འདུན་འགྲུབ་པའི་ཆེད་སློབ་ཡོན་གྱི་ལས་འཆར་འདི་སྤེལ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་བྱ་རྒྱུ་བྱུང་། འདི་ག་ཚོགས་པ་ནས་སློབ་ཡོན་ཐོབ་མཁན་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

རིན་མེད་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོའི་ལས་འཆར།

༄༅། །ཚོགས་པའི་འདི་ལོའི་སྤྱི་ཚོགས་ཞབས་ཞུའི་ལས་འཆར་ཁོངས་ནས་རིན་མེད་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོའི་ལས་འཆར་ལེགས་གྲུབ་བྱུང་སོང་། འདི་ལོ་བཞུགས་སྒར་རྡ་སའི་ཉེ་འཁོར་ལ་བརྟེན་གཞི་བྱས་པའི་བཙུན་དགོན་ཁག་གཅིག་དང་མཚམས་པ་བཅས་ཁྱོན་མི་གྲངས་ ༡༢༩ ལ་རིན་མེད་མིག་བརྟག་དཔྱད་དང་མིག་ཤེལ་གསར་པ་བཟོ་ཐུབ་པ་བྱུང་།

ལག་ཤེས་སྦྱོང་བརྡར་ཁོངས་ཀྱི་སྐབས་གཉིས་པའི་ཕྱི་ལུགས་བག་ལེབ་དངཀེག་བཟོ་སྟངས་དང་། འཚིག་ཇ་རིགས་བཟོ་སྟངས་དང་ དམིགས་བསལ་ཕྱི་ལུགས་ཞལ་ལག་བཟོ་སྟངས་གསུམ་གྱི་སྦྱོང་བརྡར་ལས་གཞི་ལེགས་གྲུབ།

༄༅།། འདི་ལོའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལག་ཤེས་སྦྱོང་བརྡར་ཁོངས་ཀྱི་སྐབས་གཉིས་པའི་ཕྱི་ལུགས་བག་ལེབ་དངཀེག་བཟོ་སྟངས་དང་། འཚིག་ཇ་རིགས་བཟོ་སྟངས་དང་ དམིགས་བསལ་ཕྱི་ལུགས་ཞལ་ལག་བཟོ་སྟངས་གསུམ་གྱི་སྦྱོང་བརྡར་ལས་གཞི་ལེགས་གྲུབ་བྱུང་སོང་བས་སྦྱོང་བརྡར་གནང་མཁན་གྱི་རྒན་ལགས་གསུམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སློབ་ཕྲུག་རྣམས་ནས་ཉམས་གསོག་ཀྱི་གོ་སྐབས་རིགས་དམ་འཛིན་གནང་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།

དགེ་བཤེས་མ་དང་། དགེ་བཤེས། མཁན་པོ་རྣམས་ཀྱི་དམིགས་བསལ་ཨིན་ཇི་ཆེད་སྦྱོང་འཛིན་གྲྭ་ཐེངས་དྲུག་པ་དེ་ལེགས་སྒྲུབ་བྱུང་སོང་།

༄༅། །ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་དགེ་བཤེས་མ་དང་། དགེ་བཤེས། མཁན་པོ་རྣམས་ཀྱི་དམིགས་བསལ་ཨིན་ཇི་ཆེད་སྦྱོང་འཛིན་གྲྭ་ཐེངས་དྲུག་པ་དེ་ལེགས་སྒྲུབ་བྱུང་སོང་། གོ་སྐབས་འདི་བརྒྱུད་ཉམས་མྱོང་དང་ལྷག་བསམ་ལྡན་པའི་ཨིན་དགེ་རྒན་བསྟན་འཛིན་དར་རྒྱས་ལགས་ནས་འདི་ལོའི་ཨིན་ཇི་ཆེད་སྦྱོང་འཛིན་གྲྭར་སློབ་འཁྲིད་ཀྱི་ཐུགས་འགན་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་།

སྔ་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའིི་སྐུའི་གོ་སྟོན་དང་བསྟུན་ལོ་འཁོར་མོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་འགོ་འཛུགས་པ་ལྟར། འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་གལ་ཆེའི་གོ་སྐབས་འདི་དང་བསྟུན་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡ ཉིན་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ། བདག་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་གངས་ཅན་མགོན་པོའི་བཀའ་དྲིན་གྱི་ཆ་ཤས་ཅུང་ཟད་ཙམ་གསབ་ཐབས་ལ་དམིགས་ནས། དམིགས་བསལ་དོན་སྙིང་ལྡན་པའི་ཉིན་གཅིག་གི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་ཆེད་དོན་བགྲོ་གླེང་ཞིག་གོ་སྒྲིག་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་། བགྲོ་གླེང་གི་བརྗོད་གཞི་ཁག་ནི་༸གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་མཛད་རྗེས་དང་དགོངས་གཞི་གཙོ་བོར་གྱུར་བའི་གང་ཉིད་ཀྱི་མཚན་གནས་རྗེས་འབྲེལ་དང་འབྲེལ་བའི་གལ་ཆེའི་སྒྲིག་འཛུགས་ཁག་གི་གལ་གནད་དང་། བཀའ་རྩོམ་གྱི་གལ་གནད། ནང་ཆོས་དང་ཚན་རིག་དབར་གྱི་དགོངས་ཚུལ་བརྗེ་རེས་ཀྱི་དགོངས་གཞི། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེ་དང་གངས་ཅན་བོད་མིའི་བར་གྱི་འདོར་ཐབས་མེད་པའི་འོས་འགན་དང་དད་དམ་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད། བཀའ་དྲིན་རྗེས་དྲན་གྱི་ཆེད་དོན་བགྲོ་གླེང་དོན་དང་ལྡན་པ་ཡོང་ཆེད་ཤེས་ལྡན་མི་སྣའི་ཚོགས་ཆུང་ཟུར་འཛུགས་ཀྱིས་བརྗོད་གཞི་ཁག་གཏན་འབེབས་དང་། བརྗོད་གཞི་རེ་རེར་འཚམས་པའི་གསུང་བཤད་གནང་མཁན་ཁྱད་མཁས་མི་སྣ་དང་། དེ་ལ་གླེང་མོལ་གནང་མཁན་གྱི་ཤེས་ལྡན་མི་སྣ་ཡང་གདན་ཞུ་བྱས་ཡོད། དེ་ཡང་གོང་ཚེས་ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་གི་མཛད་སྒོར་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག དེ་བཞིན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་བཅས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་དང་དྲུང་ཆེ་ཟུར་པ། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགོ་ཁྲིད་དང་ལས་བྱེད། སློབ་ཕྲུག་དང་མི་མང་བཅས་ཁྱོན་མི་གྲངས་ ༡༥༠ རྩམ་གྱིས་བགྲོ་གླེང་ནང་མཉམ་བཞུགས་གནང་ཡོད།

གློག་ཀླད་རིག་པའི་ཤེས་བྱ་ཟབ་སྦྱོང་།

དེང་གི་དུས་སུ་གློག་ཀླད་རིག་པའི་ཤེས་བྱ་ (Digital literacy) གལ་ཆེན་པོ་ཡིན་པར་བརྟེན། འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནས་འདི་གའི་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭའི་སློབ་ཕྲུག་དགེ་བཤེས་མ་དང་། དགེ་བཤེས། མཁན་པོ་རྣམས་ལ་གློག་འཕྲིན་ (Email) དང་གྷུ་གྷལ་གསོག་བྱེད་ (Google Drive) བེད་སྤྱོད་གཏོང་སྟངས་དང་། དེ་བཞིན་ཕན་ཐོག་ཡོད་པའི་མི་བཟོས་རིག་ནུས་ (AI) ཁག་ཅིག་ངོ་སྤྲོད་དང་བེད་སྤྱོད་གཏོང་སྟངས་ཀྱི་ཐད་ཟབ་སྦྱོང་ཐུང་ངུ་ཞིག་གོ་སྒྲིག་བྱ་རྒྱུ་བྱུང་།

རྒན་གསོའི་ལུས་ཁམས་གསོ་ཐབས་ཀྱི་ལས་འཆར།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་བོད་མི་རྒན་གྲས་རྣམས་ཀྱི་ལུས་ཁམས་གསོ་ཐབས་ཀྱི་སླད་རིན་མེད་སྨན་དཔྱད་ལས་གཞི་ཞིག་ལོ་ལྟར་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། འདི་ལོ་ཡང་བོད་ཀྱི་གསོ་བ་རིག་པའི་སྨན་པ་དྭང་བླངས་པ་ཁག་གཅིག་དང་ཟུང་འབྲེལ་ཐོག་བཞུགས་སྒར་ལ་རྟེན་གཞི་བྱས་པའི་བྱམས་པ་གླིང་རྒན་གསོ་ཁང་གི་བོད་མི་རྒན་གྲས་རྣམས་ལ་རིན་མེད་རྩ་བརྟགས་པ་དང་། བྱུག་པ། བསྐུ་མཉེ། སྐམ་ཁབ། ཟངས་བུམ་བཅས་ཀྱི་སྨན་དཔྱད་མཐུན་རྐྱེན་བསྐྲུན་ཏེ་རྒན་གསོའི་ལུས་ཁམས་གསོ་ཐབས་ཐད་ཞབས་ཞུ་སྒྲུབ་རྒྱུ་བྱུང་། འདི་ག་ཚོགས་པ་ནས་དྭང་བླངས་སྨན་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུ།

འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ད་བར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་ལ། ལྷག་པར་གནས་ཡུལ་རྒྱ་གར་གྱི་ས་གནས་མངའ་ཁུལ་གྱི་ཁོར་ཡུག་གཙང་བཟོའི་ཐད་ཤུགས་གནོན་རྒྱག་གི་ཡོད་པ་ཞིན། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༨ རེས་གཟའ་ལྷག་པ་ཉིན་འདི་ག་ཚོགས་པའི་སློབ་ཕྲུག་དང། ལས་བྱེད། དྭང་བླངས་བཅས་ནས་རྡ་ས་བྷག་སུ་ཉེ་འཁོར་གྱི་ཁོར་ཡུག་གཙང་བཟོ་བྱས་ཡོད།

lha livelihood

ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལས་ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་ལས་གཞི།

༢༠༡༩ཟླ་༡༡ཚེས་༩ཉིན་ནས་༢༠༢༠ཟླ་༡ཚེས་༡༥བར་རིན་མེད་ཀྱི་ཐོག་ནས་བོད་པའི་ན་གཞོན་༡༡ཙམ་ལ་ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་ལས་གཞི་ཞིག་གཉེར་ཡོད་པ་དང་། ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་དེ་བཞིན་ལྷ་ལག་ཤེས་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཡིན། སློབ་ཚན་གྱི་མཐའ་མའི་ཉིན་ཞིག་སློབ་མ་ཚོས་བག་ལེབ་རིགས་མི་འདྲ་བ་རིགས་༣༠ཙམ་ཁོང་ཚོར་མཐུན་འགྱུར་དང་གོ་སྒྲིག་གནང་མཁན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་དང་བོད་ཀྱི་ཐེབས་རྩ་ཁང་གི་ལས་བྱེད་བཅས་ལ་འགྲེམས་སྟོན་བྱས་ཤིང་།བོད་ཀྱི་གཞོན་ནུ་ཚོར་ལས་གཞི་དེ་འདྲ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་ཡོད་པ་རེད།

cookry 1

༢༠༡༩ ལོའི་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལེགས་གྲུབ་བྱུང་བ།

༢༠༡༩ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་དང་ཨ་རིའི་བོད་ཀྱི་ཐེབས་རྩས་མཐུན་འགྱུར་འོག་རང་རིགས་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་འཚོ་ཐབས་དང་འབྲེལ་བའི་ལག་ཤེས་སྦྱོང་བརྡར་ཁག་མི་འདྲ་བ་བཞི་ཙམ་སྤྲད་ཐུབ་པ་བྱུང་ཡོད་པ་ལས།