༢༠༡༩ ལོའི་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལེགས་གྲུབ་བྱུང་བ།

cookry 1

༢༠༡༩ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གོ་སྒྲིག་དང་ཨ་རིའི་བོད་ཀྱི་ཐེབས་རྩས་མཐུན་འགྱུར་འོག་རང་རིགས་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་འཚོ་ཐབས་དང་འབྲེལ་བའི་ལག་ཤེས་སྦྱོང་བརྡར་ཁག་མི་འདྲ་བ་བཞི་ཙམ་སྤྲད་ཐུབ་པ་བྱུང་ཡོད་པ་ལས།

བོད་ཀྱི་སྲོལ་རྒྱུན་ཕུར་མཉེ་ལས་རིམ་ཐེངས་བཞི་དང་། རྒྱལ་ཁབ་ཁག་འདྲ་མིན་གྱི་ཁ་ལག་བཟོ་སྟངས་སྦྱོང་བརྡར་ཐེངས་གཉིས། འཐུང་ཆུ་མངར་སྐྱུར་འདྲ་མིན་(Bartender )བཟོ་སྟངས་སྦྱོང་བརྡར་ལས་རིམ་ཐེངས་གཅིག
ཕྱི་ལུགས་ཀྱི་སྦོས་སོབ་བག་ལེབ་རིགས་འདྲ་མིན་ (Bakery) བཟོ་སྟངས་ལས་རིམ་ཐེངས་གཅིག་བཅས་སྦྱོང་བརྡར་ཁག་འདྲ་མིན་ནང་འཛུལ་ཞུགས་གནང་མཁན་རང་རིགས་གཞོན་སྐྱེས་གྲངས་༨༥ཙམ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད།

bakery ༢༠༡༩ལོའི་ལས་གཞི་དེ་དག་ལེགས་གྲུབ་བྱུང་བ་ནི་མཐུན་འགྱུར་གནང་མཁན་དང་མཉམ་ཞུགས་གནང་མཁན་ཚང་མས་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཡིན་པ་སྨོས་ག་ལ་དགོས། ང་ཚོས་མུ་མཐུད་དེ་༢༠༢༠ལོར་སྦྱོང་བརྡར་དེ་དག་རིམ་པས་གནང་འཆར་ཡོད་ན་ཐུགས་འདོད་ཡོད་རིགས་རྣམས་ནས་ང་ཚོའི་དྲྭ་ཚིགས་དང་ངོ་དེབ་སོགས་སུ་དོ་ཁུར་གནང་ན་ཁྱེད་ཀྱིས་སྦྱོང་བརྡར་དེ་དག་གི་དུས་ཚོད་དང་དུས་ཡུན་རྣམས་གསལ་པོ་ཤེས་ཐུབ།

Leave your comment