ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལས་ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་ལས་གཞི།

lha livelihood

༢༠༡༩ཟླ་༡༡ཚེས་༩ཉིན་ནས་༢༠༢༠ཟླ་༡ཚེས་༡༥བར་རིན་མེད་ཀྱི་ཐོག་ནས་བོད་པའི་ན་གཞོན་༡༡ཙམ་ལ་ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་ལས་གཞི་ཞིག་གཉེར་ཡོད་པ་དང་།
ཕྱི་ལུགས་སྦོས་སྲབ་བག་ལེབ་བཟོ་སྟངས་སྦྱོང་བརྡར་དེ་བཞིན་ལྷ་ལག་ཤེས་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཡིན།
སློབ་ཚན་གྱི་མཐའ་མའི་ཉིན་ཞིག་སློབ་མ་ཚོས་བག་ལེབ་རིགས་མི་འདྲ་བ་རིགས་༣༠ཙམ་ཁོང་ཚོར་མཐུན་འགྱུར་དང་གོ་སྒྲིག་གནང་མཁན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་བྱེད་དང་བོད་ཀྱི་ཐེབས་རྩ་ཁང་གི་ལས་བྱེད་བཅས་ལ་འགྲེམས་སྟོན་བྱས་ཤིང་།བོད་ཀྱི་གཞོན་ནུ་ཚོར་ལས་གཞི་དེ་འདྲ་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་ཡོད་པ་རེད།

karma jigmeyལས་གཞི་དེའི་ནང་མཉམ་ཞུགས་གནང་ཀརྨ་འཇིགས་མེད་ལགས་ཁོང་ལྟབུར་མཚོན་ན་སློབ་གྲྭ་འགྲོ་རྒྱུ་གོ་སྐབས་བྲལ་ནས་ད་ལྟའི་ཆར་འཚིག་ཇ་ཁང་ཞིག་ནང་ཕྱག་ལས་གནང་བཞིན་ཡོད་པ་རེད། ཁོང་གིས་གསུང་དོན།
“ང་ཚོས་ཟླ་བ་གཅིག་གི་དུས་ཚོད་ནང་ཚང་མ་ཤེས་ཐབས་མེད།འོན་ཀྱང་དགེ་རྒན་ཧ་ཅང་ཡག་པོ་འདུགཁོང་གིས་ང་ཚོར་གང་འདྲ་བྱས་ནས་ཕྱི་ལུགས་ཀྱི་བག་ལེབ་སོབ་སོབ་རིགས་ཇི་ལྟར་བསྲེགས་དགོས་མིན་ཙམ་མ་ཟད་ད་དུང་བོད་ཀྱིས་བཟོས་པའི་ཞིམ་ཟས་བཅས་བསྲེགས་དགོས་ལུགས་སློབ་ཀྱི་འདུག” དགེ་རྒན་ཁོང་གིས་གང་ཤེས་པ་ཡོད་ཚད་ང་ཚོར་བསླབས་ཤིང་།སློབ་མ་རྣམས་ཀྱིས་ཀྱང་སྤྲོ་བ་ཆེན་པོ་བསྟན། ང་ཚོས་སྔོན་ཆད་ཕྱི་རོལ་ནས་སྒོ་ངའི་བག་ལེབ་ཉོས་བཞིན་ཡོད། ད་ལྟ་ངས་ང་ཚོའི་འཚིག་ཇ་ཁང་གི་སྦོས་སྲབ་བག་ལེབ་བསྲེགས་ངེས་ཡིན། “ཞེས་འགྲེལ་བརྗོད་གནང་སོང་།

ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་དེ་བཞིན་ན་ནིང་ནས་འགོ་ཚུགས་པ་ཡོད་པ་དང་དེའི་དམིགས་ཡུལ་ནི་བོད་ཀྱི་ན་གཞོན་ཚོས་རྩལ་ནུས་གསར་པ་སྦྱོང་རྒྱུར་རོགས་རམ་བྱ་རྒྱུ་དང་འབྲེལ་ཁོང་ཚོར་རང་སྟོབས་རང་སྤེལ་གྱི་གོ་སྐབས་མཁོ་འདོན་བྱ་རྒྱུ་དེ་རེད། ན་ནིང་ལག་ཤེས་སྦྱོང་བརྡར་ལས་རིམ་ཁག་བརྒྱད་ཀྱི་སྦྱོང་བརྡར་སྤྲད་ཐུབ་པ་བྱུང་ཡོད་པ་རྣམས་ནི་བོད་ཀྱི་སྲོལ་རྒྱུན་འཕུར་མཉེ་སྦྱོང་བརྡར་ Tibetan Traditional Massage and Spa ལས་རིམ་ཐེངས་བཞི་དང་། ཁ་ལག་བཟོ་སྟངས་སྦྱོང་བརྡར་ Cookery ཐེངས་གཉིས། འཐུང་ཆུ་རིགས་འདྲ་མིན་བཟོ་སྟངས་ Bartenderསྦྱོང་བརྡར་ལས་རིམ་ཐེངས་གཅིག ཕྱི་ལུགས་སྦོས་སྲབ་བག་ལེབས་བཟོ་སྟངས་སྦྱོང་བརྡར་ལས་རིམ་ཐེངས་གཅིག་བཅས་ཡིན།
ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་དེ་དག་ནི་བོད་ཀྱི་ཐེབས་རྩའི་གཙོས་པའི་འབྲེལ་ཡོད་ཚང་མས་རྒྱབ་སྐྱོར་གྱི་མཐུན་འགྱུར་དང་ང་ཚོའི་ལས་དོན་ལ་ཡིད་ཆེས་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༢༠༢༠ལོའི་ལག་ཤེས་སྦྱོང་བརྡར་དེ་བཞིན་དེ་ཟླ་གསུམ་པའི་ནང་འགོ་འཛུགས་བྱ་རྒྱུ་ཡིན་པས་ང་ཚོའི་ངོ་དེབ་Facebokདང་Insagramསོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་དོ་ཁུར་གནང་རོགས།

bakery course 1

Leave your comment