favicon-40.png

གསར་འགྱུར་

DSC7393 copy

རྒྱལ་བའི་ཕོ་བྲང་གཡས་གཡོན་དང་མེག་གྷན་ནས་རྡ་སྟེང་བོད་ཁྱིམ་འགྲོ་ལམ་གཙང་བཟོ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཟླ་རེའི་རེས་གཟའ་སྤེན་པ་གསུམ་པ་གང་ཡིན་ལ་རྡ་ས་ཉེ་འཁོར་གཡས་གཡོན་དུ་གཙང་བཟོ་ལས་འགུལ་སྤེལ་མུས་ལྟར། ཕྱི་ལོ་༢༠༡༩ ཟླ་༣ ཚེས་༡༦ ཉིན། ང་ཚོའི་ཚོགས་པའི་སློབ་ཕྲུག་དང་དྭངས་བླང་བ་བཅས་མཉམ་རུབ་ཀྱིས།

Photo with SR

བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་ཟབ་སྦྱོང་གོ་སྒྲིག

༄༅།།བོད་རྒྱལ་ལོ་ ༢༡༤༥ བོད་ཟླ་ ༡༠ ཚེས་ ༣༠ དང་། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༧ ནས་ ༩ བར་ཉིན་གསུམ་གྱི་རིང་བོད་པའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ལ་༼བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་༽སྐོར་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།སྤྱིར་ཟབ་སྦྱོང་འདི་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་དགོས་དམིགས་གཙོ་བོ་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ལམ་སྟོན། ལྷག་པར་དུ་མ་འོངས་བོད་ཀྱི་སོན་རྩ་ཕྲུ་གུ་རྣམས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་བོད་མིའི་ངོས་འཛིན་མ་བརླག་པར་མིང་དོན་མཚུངས་པའི་བོད་མི་ཚད་ལྡན་ཞིག་དང་།གནའ་དེང་ཟུང་འབྲེལ་གྱི་ཤེས་ལྡན་པ་གང་མང་གསོ་སྐྱོང་གནང་ཐབས་ཆེད་དུ་དམིགས་པ་ཞིག་ཡིན།

44330658 370263783717807 3550675778867822592 n

སོའི་སྨན་བཅོས་ལས་གཞི་ལེགས་གྲུབ་ཟིན་པ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ཁང་ནས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་སྣ་མང་སྤེལ་མུས་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེ་ཁུངས་སུ་ཡོད་པའི་མཡེ་སོར་རྫོང་ནང་གི་སོའི་སྨན་ཁང་གི་མཐོ་རིམ་སློབ་གྲྭ་(J.S.S. Dental college and hospital) ནང་སློབ་ཐོན་ཟིན་པའི་རང་གཞུང་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་སྒྲོན་ལགས་གདན་ཞུས་ཀྱིས་ལྷ་སྤྱི་ཐབ་ཁང་དུ་ཞལ་ལག་མཆོད་མཁན་སྐྱ་སེར་དབྱེར་མེད་ཀྱི་མི་གྲངས་༢༢ དང་།

9th Cultural Exchange Group

ཨ་རི་ནས་རིགས་གཞུང་བརྗེ་ལེན་དུ་ཕེབས་པའི་གྲོགས་པོ་ཚོགས་ཁག་ཅིག

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པའི་སྐུ་ཞབས་ནིལ་གྷིརིས་ལགས་ཀྱིས་(Neil Guidry)སྣེ་ཁྲིད་འོག་ཨ་རི་ནས་ཡིན་པའི་ཚོགས་པ་ཞིག་ལྷ་ཞི་བའི་ཚལ་དུ་བདུན་ཕྲག་གཅིག་གི་རིང་གནས་སྡོད་ཀྱིས་རིགས་གཞུང་བརྗེ་རེས་འདྲ་མིན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་རེད།

mass clean up

ཟླ་རེའི་ཁོར་ཡུག་གཙང་བཟོ་ལས་འགུལ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཟླ་རེའི་རེས་གཟའ་སྤེན་པ་གསུམ་པ་གང་ཡིན་ལ་རྡ་ས་ཉེ་འཁོར་གཡས་གཡོན་དུ་གཙང་བཟོ་ལས་འགུལ་སྤེལ་མུས་ལྟར། ཕྱི་ལོ་༢༠༡༨ ཟླ་༩ ཚེས་༡༥ ཉིན་ང་ཚོའི་ཚོགས་པའི་སློབ་ཕྲུག་དང་དྭངས་བླང་བ། འདི་ག་མེག་ལོག་ཁོར་ཡུག་ཚན་པའི་མི་འགའ་ཤས་བཅས་མཉམ་ཞུགས་ཀྱིས་མེག་ལོག་བཞི་མདོ་ནས་འགོ་འཛུགས་ཀྱིས་ཀྲུ་ཤིས་ཏའི་རྒྱ་ལམ་གཡས་གཡོན་གྱི་ཤིང་ནགས་སུ་བསམ་ཡུལ་ལས་འདས་པའི་འགྱིག་ཤོག་དང་། གོས་རྙིང་རིགས།

41052050 1805045569549699 2745042314748493824 o 1

ཚོགས་པ་ཁག་མི་འདྲ་བ་གཉིས་དང་རིག་གཞུང་བརྗེ་རེས་བྱས་པ།

ཕྱི་ལོ༢༠༡༨ ཟླ་༩ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་སྣེ་ལེན་འོག་སྐུ་ཞབས་རོན་མརཁིསེ(Dr Ron Marks)ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་ཏུན་ལེན་སྤྱི་ཚོགས་ཞབས་ཞུའི་སློབ་ཕྲུག་བཅུ་གཉིས་ཅན་གྱི་ཚོགས་པ་ཞིག་དང་(Tulane School of Social Work in the United States) ང་ཚོའི་ཚོགས་པའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ནིལ་གྷུ་ཊིར(Neil Guidry) ལགས་ཀྱི་སྣེ་ཁྲིད་པའི་ཚོགས་པ་ཞིག་བཅས་ཚོགས་པ་མི་འདྲ་བ་ཁག་གཉིས་དང་རིག་གཞུང་བརྗེ་རེས་གནང་ཡོད་པ་རེད།

རྡ་ས་ལྷ་ཞི་བའི་ཚལ་ཚོགས་ཁང་དུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐོག་ལ་བཀའ་སློབ་གནང་བ།

འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འགན་འཁུར་འོག་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དང་མཉམ་འབྲེལ་གྱིས། ད་ལོ་སྟེ་ཕྱི་ལོ་༢༠༡༨ལོར་ང་ཚོའི་ཚོགས་པས་ལས་འཆར་གསར་བ་འགོ་འཛུགས་ཞུས་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་སློབ་སྦྱོང་དང་། ཞིབ་འཇུག ། གོ་རྟོགས་སྤེལ་མུས་ཡིན་ཞིང་། ལས་འཆར་དེའི་ལག་བསྟར་ཆ་ཤས་སུ་འབྲེལ་ཡོད་མཁས་དབང་དང་ཁྱད་ལས་པ་སོགས་ཀྱི་གསུང་བཤད་སོགས་གོ་སྒྲིག་བྱ་རྒྱུ་ལས་འཆར་ཡོད་པ་ལྟར།

བོད་པའི་བུད་མེད་གསུམ་ལ་སྨན་ཞབས་ཀྱི་སློབ་ཡོན་རོགས་དངུལ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་སྤྲོ་བ་དང་བཅས་ཏེ་གསལ་བསྒྲགས་བྱ་རྒྱུར། ཐེངས་འདིར་ཕྱི་ལོ་༢༠༡༨ ནས་ ༢༠༢༠བར་ལོ་གསུམ་གྱི་སྨན་ཞབས་སློབ་སྦྱོང་བྱེད་བཞིན་པའི་བུད་མེད་གསུམ་ལ་སློབ་ཡོན་གྱི་མཐུན་འགྱུར་རོགས་རམ་བྱེད་ཐུབ་པ་བྱུང་ཡོད། བུད་མེད་དེ་དག་ནི་སློབ་སྦྱོང་ལ་འབད་བརྩོན་དང་སྙིང་རུས་ལྡན་ཞིང་། འཛིན་རིམ་བཅུ་གཉིས་ཀྱི་བརྒྱ་ཆ་ལེགས་ཤོས་གྲས་སུ་སླེབས་ཡོད་ནའང་ཁྱིམ་ཚང་གི་མཐུན་རྐྱེན་སོགས་གང་ཅི་ཐད་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་ཡོད་པར་བརྟེན།

39557556 1783796645007925 8156192789739077632 o

དོན་གཉེར་ཅན་རྣམས་ལ་དམིགས་ནས་བོད་ཀྱི་བརྡ་སྤྲོད་འཛིན་གྲྭ་འགོ་འཛུགས།

གསལ་བསྒྲགས་སྔོན་སོང་ལྟར། ཕྱི་ལོ ༢༠༡༧ ལོ་ནས་འགོ་འཛུགས་ཀྱིས་བོད་ཀྱི་བརྡ་སྤྲོད་འཛིན་གྲྭ་དེ་ཉིད་དྷ་ས་རུ་ཡོད་པའི་བོད་པ་དང་ཧི་མ་ལ་ཡའི་གཞོན་སྐྱེས་ཚོ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནང་ཕྱག་ལས་གནང་བཞིན་པ་བཅས་ལ་དམིགས་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གོང་མཐོར་གཏོང་ཆེད་བཙུགས་པ་ཞིག་ཡིན། འདི་ལོའི་ཡང་ཟླ་ ༨ ཚེས་ ༡༦ ཉིན་ནས་འགོ་འཛུགས་ཀྱིས་ཟླ་ ༡༡ ཚེས་ ༡༦ བར་ཟླ་བ་གསུམ་རིང་ཚོགས་བཞིན་ཡོད།

རྒྱ་གར་རང་བཙན་དུས་ཆེན་ཉིན་ཁོར་ཡུག་གཙང་བཟོའི་ལས་འགུལ།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་ང་ཚོའི་གནས་ཡུལ་རྒྱ་གར་གྱི་རང་བཙན་དུས་ཆེན་དང་སྟབས་བསྟུན་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་ Waste Warriors གཉིས་མཉམ་རུབ་ཀྱི་ཐོག་ནས་དྷ་སའི་ཉེ་འཁོར་དུ་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།