
World Environment Day
June 5 is celebrated as World Environment Day all over the world and Lha Charitable Trust observed it with an open Essay Contest in Tibetan and English language on the


June 5 is celebrated as World Environment Day all over the world and Lha Charitable Trust observed it with an open Essay Contest in Tibetan and English language on the

Lha hosted the second group of students from GapForce through our Cultural Exchange Programme. The 11 students and their group leader stayed with us for a week-long programme and were

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༤ ནས་ ༡༩ བར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གྷིབཧྥོསི་ (Gapforce )སློབ་ཕྲུག་ཚོགས་པ་ཞིག་དང་བདུན་ཕྲག་གཅིག་གི་རིང་རིག་གཞུང་བརྗེ་ལེན་ཐེངས་གཉིས་པའི་ལས་གཞི་དེ་བྱས་ཡོད་པ་རེད།་ལས་གཞི་དེའི་ནང་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་།

ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་མཐུན་འགྱུར་འོག་བཙན་བྱོལ་བོད་མི་གནས་སྡོད་བཞུགས་སྒར་རྡ་རམ་ས་ལ་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཞི་བའི་ཚལ་ཚོགས་ཁང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་ལ་ཟབ་སྦྱོང་མ་འདྲ་བ་ཁག་གཉིས་གོ་སྒྲིག་གནང་ཡོད་པ་དང་ལྷ་སྤྱི་ཚོགས་ཞབས་ཞུ་དངཤེས་ཡོན་ལྟེ་གནས་ཁང་གི་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་དང་ལས་ཁུངས་དོ་དམ་པ་ཆོས་དབྱངས་དབང་མོ་ལགས་རྣམ་གཉིས་ཀྱང་ཟབ་སྦྱོང་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད།

བཞུགས་སྒར་དྷ་རམ་ས་ལ་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣༡ ཉིན་འགན་འཛིན་གྱི་ལས་གནས་ནས་རྩ་དགོངས་ཞུ་གནང་རྗེས། ལྷའི་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་གསར་པར་བསྐོ་བཞག་བྱས་ཡོད་པ་རེད།

༢༠༡༨ ཚེས་ ༢༡ གཟའ་སྤེན་པ་ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས། དྷ་སྟེང་གཙང་བཟོ་ཁང་དང་། བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་དང་མཉམ་དུ་སའི་གོ་ལའི་ཉིན་མོ་སྲུང་རྩིའི་སླད་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་གོ་སྒྲིག་བྱས་པ་རེད།

ལྷའི་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༧ པ་དེ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཁྱིམ་མ་སུ་རི་ (Mussoorie) སློབ་གྲྭར་གསར་འཛུགས་བྱས་པ་རེད། མ་སུ་རི་བོད་ཁྱིམ་དུ་སློབ་ཕྲུག་ ༡‚༡༥༠ ཙམ་ཡོད་པ་དང་། སློབ་གྲྭ་འདི་ནི་ཨུ་ཏར་ཁན་དྷི་ (Uttarakhand) རི་ངོས་སུ་ཆགས་ཡོད།

འདི་ལོར་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་འོག་དྷ་སར་ཕེབས་པའི་སྡེ་ཚན་དང་པོ་དེ་ཁ་ན་ཌའི་ (Craig Kielburger Secondary School) ཡིན་པ་དང་། ཁོང་ཚོ་ནི་ (Gapforce)ཞེས་པའི་ཚོགས་པ་སོགས་ཀྱི་བར་སེང་སྐབས་རྟོག་ཞིབ་ལས་འགུལ་དང་ལས་འཆར་གོ་སྒྲིག་གནང་མཁན་གྱི་ཚོགས་པ་ཞིག་བརྒྱུད་ནས་ཕེབས་པ་རེད།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཆུ་ཚགས་འཕྲུལ་ཆས་ཆུ་གསོག་སྣོད་དང་བཅས་པ་ཞིག་ཚོགས་པའི་འཐུང་ཆུ་གཙང་བཟོའི་ལས་འཆར་འོག་དྷ་ས་སི་དྷི་ཕུར་དུ་ཡོད་པའི་སྤི་ཏིའི་སློབ་མིའི་སྡོད་ཁང་དུ་གསར་འཛུགས་བྱས་པ་རེད། སློབ་མའི་སྡོད་ཁང་འདི་ནས་ལ་དྭགས་དང་། སྤི་ཏི་ཐེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་མཐོ་སློབ་ཏུ་སྐྱོད་པར་དྷ་སར་ཡོང་མཁན་རྣམས་ལ་སྡོད་གནས་སྤྲོད་ཀྱི་ཡོད།

ལྷའི་ལྗང་མདོག་་དང་གཙང་མ་ཞེས་པའི་ཟླ་རེའི་ཁོར་ཡུག་གཙང་བཟོ་དེ་ཕྱི་ཟླ་ ༡༢ པའི་ཚེས་ ༡༦ ཉིན་སྤེལ་ཞིང་། ཉིན་དེར་ཆ་ཤས་ལེན་མཁན་ལྷའི་སློབ་ཕྲུག་དང་། དང་བླངས་པ་ ༥༠ ལྷག་བྱུང་ཞིང་། ཐེངས་འདིར་ང་ཚོས་གཙུག་ལག་ཁང་གི་ཉེ་འཁོར་དང་། སྐོར་ལམ། པོ་ཏ་ལའི་ལམ་གསར་པ་སོགས་ཀྱི་གད་སྙིགས་བསྒྲུགས་པ་ཡིན། སྤྱིར་ང་ཚོས་ཟླ་རེ་བཞིན་ས་ཁུལ་འདི་དག་གི་གད་སྙིགས་གཙང་མ་བཟོ་ཀྱི་ཡོད་ཀྱང་། གཙམ་མ་ནམ་བཟོས་ལ་གད་སྙིགས་དོས་སྐྱེལ་རླངས་འཁོར་ཡོངས་སུ་གང་བ་རེ་ཡོང་གི་འདུག