ཐུ་ལན་མང་ཚོགས་ཀྱི་ཞབས་ཞུའི་བསྟི་གནས་ཁང་གི་འཚམས་འཕྲིན།

Lha20thyearanniversaryletter1

Lha20thyearanniversaryletter1༄༅།། བརྩེ་བའི་ངག་དབང་ལགས། ངས་ཐུ་ལན་སྤྱི་དམངས་ཞབས་ཞུའི་བསྟི་གནས་ཁང་གི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བའི་དུས་སྟོན་ལ་ཁྱེད་དང་ཁྱེད་ཀྱི་མཐུན་གྲོགས་ཀུན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ལྷ་ཚོགས་པས་ཐུ་ལན་གཙུག་ལག་སློབ་གྲྭའི་སློབ་གཉེར་བ་རྣམས་དང་། སློབ་དཔོན། ལས་བྱེད་སོགས་དང་མཉམ་ལས་ཀྱིས་ང་ཚོའི་སློབ་སྦྱོང་དང་། བོད་པའི་སྤྱི་ཚོགས་སུ་རོགས་སྐྱོར་བྱེད་པར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་བཅུ་ལྷག་ཙམ་རིང་ལྷས་ཐུ་ལན་མང་ཚོགས་ཀྱི་ཞབས་ཞུའི་བསྟི་གནས་ཁང་ (Tulane Center for Public Service) དང་། ཐུ་ལན་སྤྱི་ཚོགས་ཞབས་ཞུའི་སློབ་གྲྭ། (Tulane School of Social Work) གཉིས་དང་མཉམ་ལས་ཀྱིས་ང་ཚོའི་སློབ་ཕྲུག་རྣམས་བདུན་བཞིའི་རིང་རྒྱ་གར་དུ་ཉམས་མྱོང་གསག་རྒྱུ་དང་། སློབ་གཉེར་བྱ་རྒྱུ། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་པ་སོགས་ཀྱི་གོ་སྐབས་གནང་གི་ཡོད་ཅིང་། ལས་རིམ་དེས་ཐུ་ལན་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་བརྒྱ་ལས་བརྒལ་བར་སྐྱབས་བཅོལ་བོད་མི་རྣམས་དང་ལྷན་དུ་སྐད་ཡིག་སྦྱོང་བ་དང་། འདི་གའི་སློབ་མ་རྣམས་སྡེ་ཚན་དུ་བགོས་ནས་རྩ་རླུང་ལུས་སྦྱོང་དང་སྒོམ་སྒྲུབ། ཤེས་ཡོན་དང་རིག་གཞུང་བརྗེ་རེས། ཁོར་ཡུག་གཙང་བཟོ། དཔལ་འབྱོར་འདུ་འགོད་སོགས་དང་། གཞན་ཡང་ཕན་ཚུན་གཉིས་ཕན་གྱི་མཉམ་ལས་གང་མང་གནང་བཞིན་ཡོད།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ང་ཚོ་དང་ཟླ་གྲོགས་མཉམ་ལས་གནང་བར་ཧ་ཅང་དགའ་པོ་བྱུང་། སྐྱབས་བཅོལ་བོད་མིར་རོགས་རམ་བྱ་རྒྱུའི་མཚོན་པའི་ང་ཚོའི་ཐུན་མོང་གི་ཞེན་འདོད་བསྒྲུབ་ཕྱིར་མུ་མཐུད་འབྲེལ་ལམ་གཏིང་ཟབ་རྒྱ་བསྐྱེད་གཏོང་རྒྱུར། ང་ཚོའི་ངོས་ནས་རེ་སྨོན་ཆེན་པོ་བྱེད་བཞིན་ཡོད།
བ སྐྱར་དུ་ལྷའི་ཟླ་གྲོགས་མཉམ་ལས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལོ་ཉི་ཤུ་འཁོར་བའི་དུས་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ།
འཛིན་སྐྱོང་འགན་འཛིན་ཨཱག་ནེ་སི་ཁཱ་ནཱན་སི་ (Agnieszka Nance) དང་། ལས་རོགས་ཨཱ་མན་དྷ་བྒུ་བྷར་གར་ (Amanda Buberger) ཟུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢ ཉིན།

Leave your comment