སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན།

Messag from His Holiness

Messag from His Holiness༄༅།། འདི་ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལོ་ཉི་ཤུ་འཁོར་བའི་དུས་སྟོན་བྱ་རྒྱུ་ཡིན་པར་ཤེས་རྟོགས་བྱུང་བས་ངོས་རང་དགའ་པོ་བྱུང་། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཐོག་མར་སླེབས་སྐབས། བོད་པའི་ཤོད་སྲོལ་ལྟར། སྒང་ན་གནམ་དང་འོག་ན་ས་ལས་ངོ་ཤེས་པ་མེད། དེའི་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་ནང་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་། དེ་བཞིན་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་སོགས་མང་པོ་ཞིག་གཏོང་ཕོད་ཅན་གྱི་མི་སྒེར་དང་། ཚོགས་སྡེ་སྒྲིག་འཛུགས། གཞུང་སོགས་ལ་བརྟེན་དགོས་བྱུང་ཡོད།
དེ་ནས་ང་ཚོའི་སྤྱི་ཚོགས་ཡར་རྒྱས་སླད་དགོས་ངེས་ཀྱི་སྤྱི་ཚོགས་ཞབས་ཞུའི་སྣེ་འཁྲིད་མཁན་དང་། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནུས་ལྡན་དུ་སྐྲུན་མཁན་གྱི་སྡེ་ཚན་འགའ་དང་ལྷན་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མཐོང་རྒྱུར་འགོ་བཙུགས་སོང་། ལྷ་ཚོགས་པས་ལས་འགུལ་འདིའི་སྣེ་ཁྲིད་པའི་ཐོག་ནས་བོད་པའི་དབུ་ཁྲིད་ཀྱི་འབད་བརྩོན་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་མཐུན་སྦྱོར་བྱེད་ཀྱི་ཡོད།

དེང་སྐབས་ལྷ་ནི་བོད་པའི་སྤྱི་ཚོགས་ནང་རྒན་གཞོན་གཉིས་ཀར་ཞབས་ཞུ་སྒྲུབ་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་གལ་ཆེེན་ཞིག་ཆགས་འདུག ཚོགས་པ་འདི་ནི་འཆར་འགོད་ལེགས་ཤིང་ཚོགས་པའི་ལས་གཞི་ཁག་ལག་བསྟར་གང་ལེགས་དང་། སྣ་མང་ལས་གཞི་དེ་དག་གི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་དང་། སྐད་ཡིག་སོགས་སྲུང་སྐྱོང་གོང་འཕེལ། སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོའི་ཐབས་ལམ་མཁོ་སྤྲོད། དེར་མ་ཟད་ཚོགས་པའི་ཪིག་གཞུང་བརྗེ་རེས་ཀྱི་ལས་གཞི་དང་། དྲྭ་ཚིགས་དང་སྤྱི་ཚོགས་དྲ་གནས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་པ་རྣམས་ལ་ཞབས་ཞུའི་གོ་སྐབས་འབུལ་བ་དང་། དངོས་ཡོད་ཀྱི་རོགས་རམ་བྱེད་ཐུབ་པ་བརྒྱུད་བོད་ཀྱི་གནས་དོན་དང་བོད་མིའི་སྐོར་གོ་རྟོགས་ཁྱབ་སྤེལ་གཏོང་གི་འདུག
ལྷ་ཚོགས་པའི་ལེགས་གྲུབ་ནི་ཚོགས་པ་དབུ་འཛུགས་གནང་མཁན་དང་། ལས་བྱེད། གཏོང་ཕོད་ཆེ་བའི་རྒྱབ་སྐྱོར་བ། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་བ་སྟོང་ཕྲག་མང་པོའི་འབད་བརྩོན་དང་མཐུན་སྦྱོར་ལ་བརྟེན་ནས་བྱུང་བ་ཡིན། ངོས་ཀྱིས་གོ་སྐབས་འདི་བརྒྱུད་འབྲེལ་ཆགས་ཚང་མར་ལེགས་གསོའི་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༧ཟླ་ ༡༠ ཚེས་ ༩ ཉིན།

མཆན།གསུང་འཕྲིན་འདི་དག་ངོ་མ་ཨིན་ཡིག་ནང་ཡོད་པས་འདི་ག་ལས་ཁུངས་ནས་བོད་བསྒྱུར་ཞུས་ཤིང་།ནང་དོན་ཐད་འགལ་འཛོལ་ཡོད་ན་ཨིན་ཡིག་ལ་རྩ་འཛིན་གནང་རོགས།

Leave your comment