མེག་སི་ཁོ་མཐོ་སློབ་ཀྱི་འཚམས་འཕྲིན།

Message from Tecnologico De Monterrey Mexico

Message from Tecnologico De Monterrey Mexico༄༅།། བརྩེ་བའི་ངག་དབང་ལགས། བོད་པའི་སྤྱི་ཚོགས་དང་ཕྱི་རྒྱལ་སློབ་ཕྲུག་བར་གྱི་རིག་གཞུང་བརྗེ་རེས་བྱེད་པའི་ལྷའི་ལས་འཆར་དང་། དྭང་བླངས་བའི་གོ་སྐབས་བརྒྱུད་ནས་ལྷ་དང་ལྷན་དུ་ལས་ཀ་བྱེད་རྒྱུ་བྱུང་བ་ནི་དམིགས་བསལ་གྱི་དགའ་གུས་འོས་པ་ཞིག་རེད། (Tecnologico de Monterry) མཐོ་རིམ་སློབ་གྲྭའི་སློབ་མ་ ༦༠ ཙམ་དང་། རིག་གཞུང་བརྗེ་རེས་ཀྱི་ལས་འཆར་དེར་འཛུལ་ཞུགས་གནང་མཁན་གྱི་དགེ་རྒན་ཡོངས་ལ་ ༢༠༡༢ ཟླ་ ༡༢ དང་། ༢༠༡༣ ཟླ་ ༡༢ ༢༠༡༤ ཟླ་ ༡༢ བཅས་ལ་རིག་གཞུང་བརྗེ་རེས་དང་། བོད་པའི་གོམ་གཤིས། སྲོལ་རྒྱུན། འཚོ་བ་སྐྱེལ་སྟངས་སོགས་ལ་ཤེས་རྟོགས་དང་རྒྱུས་ལོན་བྱས་པ་དག་ལས་བརྗེད་མི་སྲིད་པའི་ཉམས་མྱོང་ཐོབ་བྱུང་།

མཉམ་ལས་འདིའི་སྐབས་ལྷ་ཚོགས་པས་དྷ་ས་དང་། རྒྱ་གར་གྱི་ས་ཁུལ་གཞན། དེ་བཞིན་ཕྱི་རྒྱལ་སོགས་སུ་གནས་པའི་བོད་རིགས་སྐྱབས་བཅོལ་བའི་མང་ཚོགས་ཀྱི་ཁེ་ཕན་ལ་དམིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ངོ་བོའི་ཐོག་ནས་གོ་སྒྲིག་གང་ལེགས་གནང་བས་ང་ཚོར་ཕན་ཐོགས་རྒྱ་ཆེར་བྱུང་ཡོད། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ལས་འཆར་ཡོད་ཚད་དང་། རིག་གཞུང་དང་། སློབ་གསོ།

ཁོང་ཚོའི་རྨང་གཞིའི་དགོས་མཁོ་སོགས་བོད་རིགས་སྐྱབས་བཅོལ་བའི་མི་མང་ལ་རོགས་སྐྱོར་བྱེད་པའི་དོན་དངོས་གྱི་ལག་ལེན་རྣམས་བྱམས་བརྩེ་དང་ལྡན་པའི་ཐོག་ནས་ལག་བསྟར་གྱིས་ཕན་འབྲས་གང་ལེགས་ཐོན་བཞིན་པ་ང་ཚོས་མིག་མཐོང་ལག་ཟིན་བྱུང་ཞིང་། དེ་བཞིན་སྐད་ཡིག་འཛིན་གྲྭ་སྟེ་བོད་ཡིག ཨིན་ཡིག རྒྱ་ཡིག ཧྤ་རན་ཆཱི། ཇར་མན་སྐད་ཡིག། ཀམ་པུ་ཊར་འཛིན་གྲྭ བརྡ་འཕྲིན་དང་འཕྲུལ་ལས་རིག་པའི་ཟབ་སྦྱོང་། (Information of Technology Workshop) བོད་པའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དང་གོང་འཕེལ། འབྲེལ་གཏུག་དུས་དེབ། ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ། འཐུང་ཆུ་གཙང་མའི་ལས་འཆར། ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ། གཉན་ནད་རེག་དུག (HIV/AIDS) སྐོར་གོ་རྟོགས་ལས་འགུལ། སྨན་དང་གྱོན་ཆས་སྦྱིན་གཏོང། མིག་དང་སོ་གཙང་བཟོ་དང་ལྟ་སྐྱོང་ལས་གཞི། སྤྱི་པའི་དཔེ་མཛོད། བསྐུ་མཉེའི་སྦྱོང་བརྡར། ལས་རིགས་ཀྱི་སྦྱོང་བརྡར། པར་ལེན་སྦྱོང་བརྡར། དེབ་སྦྱིིན་གཏོང་སོགས་སྤྱི་སྨན་གྱི་ལས་དོན་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་པར་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། (Prepa Tec Santa Fe) མཐོ་རིམ་སློབ་གཉེར་ཁང་གི་སློབ་གཙོ་ཞིག་ལ་མཚོན་ན་ ༢༠༡༣ ཟླ་ ༡༢ པར་ང་རང་ངོ་མས་ང་ཚོའི་རིག་གཞུང་བརྗེ་རེས་ལས་འཆར་གྱི་ཆ་ཤས་བླངས་པ་ཡིན། རིག་གཞུང་དང་ནང་བསམ་པའི་དཔལ་ཡོན་གྱིས་ཧ་ཅང་ཕྱུག་པ་བོད་པའི་སྤྱི་ཚོགས་ནང་བསྡད་དེ་ཁོང་ཚོའི་སྐོར་ཤེས་རྟོགས་བྱེད་རྒྱུའི་གོ་སྐབས་གནང་བར་ཐུག་རྗེ་ཆེ་ཞུ་རྒྱུ་མ་ཟད། ཞི་བའི་ཚལ་དུ་སྣེ་ལེན་གང་ལེགས་གནང་བར་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ལྷ་ནི་བོད་པའི་སྤྱི་ཚོགས་ལ་མེད་དུ་མི་རུང་བའི་ཚོགས་པ་གལ་ཆེན་ཞིག་ཡིན་སྟབས་ (Prepa Tec Santa Fe) མཐོ་རིམ་སློབ་གཉེར་ཁང་གི་ཚོགས་མི་ཡོངས་ཀྱི་ངོས་ནས་ལྷའི་ལོ་ཉི་ཤུ་འཁོར་བའི་དུ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མ་འོངས་ལོ་ཟླའི་ནང་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ། (Prepa Tec Santa Fe Tecnologico De Monterry) མཐོ་རིམ་སློབ་གཉེར་ཁང་གི་སློབ་གཙོ་སཱེལ་ཝན་ལིའི་ཁོ་ཟཱི་ཕེ་ལར་ཌི་ (Sylvain Le Coz Paillard) ཡིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༦ ཉིན།

Leave your comment