ཨ་རི་ནས་ཚོགས་པ་ཞིག་དང་རིག་གཞུང་བརྗེ་ལེན།

Buddha group

༢༠༡༩ ཟླ་༡༡ ཚེས་༡༢ ཉིན་ཡུན་རིང་ནས་འབྲེལ་བ་དམ་ཟབ་ཡོད་པའི་སྐུ་ཞབས་Neil Guidryལགས་ཀྱི་སྣེ་ཁྲིད་པའི་ཚོགས་མི་དྲུག་ཅན་གྱི་ཚོགས་པ་ཞིག་རྡ་སར་འབྱོར་ནས་ལྷ་ཞི་བའི་ཚལ་དུ་ཉིན་ཤས་རིང་གནས་སྡོད་བྱས་ཡོད་ཅིང་།

Buddha groupddདེར་གནས་སྡོད་བྱེད་ཡུན་རིང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་འོག་བོད་ཀྱི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་བོད་པའི་གནས་སྟངས་སྤྱིའི་ངོ་སྤྲོད་དང་། སྒོས་སུ་བཙན་བྱོལ་སྤྱི་ཚོགས་ནང་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས་བཅས་ཀྱི་སྐོར་བྱེད་སྒོ་འདྲ་མིན་ཐོག་ངོ་སྤྲོད་གནང་ཡོད། དེ་བཞིན་ཉེ་འཁོར་དུ་ཡོད་པའི་དགོན་སྡེ་ཁག་དང་། གཞུང་འབྲེལ་དང་་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཏུ་སྐོར་བསྐྱོད་ཀྱིས་རྒྱུན་ལོན་དང་ངོ་སྤྲོད་སོགས་མི་དམན་པ་བྱུང་ཡོད་ལ་སྦིར་བོད་པའི་གཞི་ཆགས་སུ་ལྟ་སྐོར་དང་རི་འཛེགས་གོམ་བགྲོད་ཀྱི་ལས་གཞི་ཞིག་ཀྱང་གོ་སྒྲིག་ཞུ་ཡོད་པ་རེད།

Leave your comment