ཪཱ་སི་ཊི་ཁི་པཱ་ཐི་ཝེ་ (Rustic Pathways) ཡི་འཚམས་འཕྲིན།

Message from Rustic Patheways USA

Message from Rustic Patheways USA༄༅།། ངག་དབང་ལགས་བཀྲ་ཤིས་བདེ་ལེགས། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་བོད་རིགས་ཆབ་སྲིད་སྐྱབས་བཅོལ་བར་ལོ་ངོ་ཉི་ཤུའི་རིང་གི་དོན་སྙིང་ལྡན་པའི་སྤྱི་ཚོགས་ཞབས་ཞུ་བྱས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། ལྷ་ཚོགས་པས་བོད་རིགས་སྐྱབས་བཅོལ་བ་དང་། ལྷའི་གྲོགས་པོ་རྣམས། དྭང་བླངས་པ། རྒྱ་ཆེ་བའི་མཐུན་གྲོགས་ཚོགས་སྡེ་སོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད།

ཪཱ་སི་ཊི་ཁི་པཱ་ཐི་ཝེ་ (Rustic Pathways) ཡི་སློབ་ཕྲུག་ཚོས་ ༢༠༠༦ ལོ་ནས་བཟུང་དྷ་ས་དང་། ཨཱོར་ལན་གསར་པ་ (New Orleans) ཨ་རི་སོགས་སུ་ལྷ་ལ་དང་བླངས་བྱེད་བཞིན་ཡོད་ཅིང་། ང་ཚོའི་སློབ་ཕྲུག་མང་པོ་ཞིག་གིས་ལྷ་རུ་གཉིས་སྨན་སློབ་གཉེར་གྱི་ཟླ་གྲོགས་དང་ལྷན་དུ་སློབ་སྦྱོང་བྱས་པ་དེ་རྒྱ་གར་དུ་བསྐྱོད་པའི་ཁོང་ཚོའི་ཉམས་མྱོང་ནང་ནས་བཟང་ཤོས་དེ་ཡིན་སྐོར་ཤོད་ཀྱི་འདུག ང་ཚོས་ལྷ་དང་མཉམ་ལས་བྱས་ནས་བྱུང་བའི་བྱམས་བརྩེ་དང་། ཤེས་རབ། ནུས་སྟོབས་སོགས་ཀྱི་བཀའ་དྲིན་དྲན་བཞིན་ཡོད།

ལོ་ཉི་ཤུར་འབད་བརྩོན་དང་། བྱམས་བརྩེ། གཏོང་ཕོད་སོགས་ཀྱིས་བརྟན་ཅིང་ལམ་ལྷོངས་ཅན། མ་འོངས་པའི་ལོ་མང་པོར་རྒྱུན་གནས་ཐུབ་ངེས་པའི་ད་ལྟའི་ལྷ་འདི་བསྐྲུན་པ་རེད།

མཛའ་བརྩེ་དང་གུས་འདུན་ཆེན་པོ་བཅས་ཪཱ་སི་ཊི་ཁི་པཱ་ཐི་ཝེ་ (Rustic Pathways) གྱི་ཚོགས་གཙོ་ཁཱི་རེ་སི་སཱི་ཋེ་ཁེ་ཆི་ (Chris Stakich) ཡིས། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༢ ཉིན།

Leave your comment