ཨ་རིའི་ (LMHPCO) སྨན་པའི་སྒྲིག་འཛུགས་ཀྱི་འཚམས་འཕྲིན།

Message from LMHPCO New Orleans USA

Message from LMHPCO New Orleans USA༄༅།། བརྩེ་བའི་ངག་དབང་ལགས། (LMHPCO) ཡིས་ལྷ་ཚོགས་པས་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབས་ནས་ལོ་ཉི་ཤུ་འཁོར་བའི་དུས་སྟོན་འདིར་ཚོགས་པའི་རླབས་ཆེའི་ལས་དོན་ལ་བརྟེན་ནས་བོད་པ་སྐྱབས་བཅོལ་བའི་འཚོ་གནས་དང་། མི་ཚེའི་ཕན་བདེ་སྒྲུབ་མཁན་གྱི་རྒྱལ་སྤྱིའི་མཉམ་ལས་ཚོགས་པ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ལོ་ངོ་ཉི་ཤུར་མཚོན་ན་ལྷ་དང་ང་ཚོའི་མཉམ་ལས་ཀྱི་འབྲེལ་ལམ་བྱུང་རབས་དེ་ཐུང་ཐུང་ཤིག་ཡིན་མོད། འོན་ཀྱང་ལྷ་ཚོགས་པས་ང་ཚོར་ཐེབས་པའི་ཤུགས་རྐྱེན་ནི་ཆེས་གཏིང་ཟབ་ཡིན། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ (LMHPCO) ཡིས་ (Hospice) དང་ (Palliative) འཕྲོད་བསྟེན་ལྟ་སྐྱོང་གི་ཁྱད་ལས་པའི་ཚོ་ཁག་དྲུག་དྲན་ཤེས་གྱི་སྒོམ་དང་། ཚེ་མཇུག་ཏུ་བདག་སྐྱོང་ལེགས་པོ་བྱེད་ཕྱོགས་སྐོར་གོ་བསྡུར་ཞུ་ཕྱིར་དྷ་སར་སྐོར་སྐྱོད་བྱེད་པར་འགྲོ་གྲོན་བཏང་ཞིང་། ཤར་ནུབ་འཕྲད་པའི་ཚོགས་འདུའི་ཉམས་མྱོང་བརྒྱུད་འཕྲོད་བསྟེན་ལྟ་སྐྱོང་ལག་ལེན་པ་རྣམས་ཀྱིས་དེར་སྐྱོད་པའི་ང་ཚོའི་སློག་གྲྭའི་སློབ་མ་རྣམས་ལ་མི་ཚེ་དང་། ཁྱད་ལས་ལག་ལེན་ལ་སྨན་པའི་རླབས་ཆེའི་ཤུགས་རྐྱེན་ཐེབས་བྱུང་། ཧི་མ་ལ་ཡའི་བྱང་ཕྱོགས་ཀྱི་རི་བོར་ཐུག་པའི་ང་ཚོའི་འགྲུལ་བཞུད་དེས་ང་ཚོའི་ཚོགས་མི་ཀུན་ལ་ནད་པར་ལྟ་རྟོགས་དང་། ལས་རོགས་ལ་འཆམ་མཐུན་བྱེད་པ་སོགས་གང་ཅིར་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་། ལྷའི་རྒྱབ་སྐྱོར་དང་མཉམ་ལས་མེད་ན་དེ་འདྲའི་བརྗེད་དཀའ་བའི་ཉམས་མྱོང་འདི་དག་ཡོང་ག་ལ་སྲིད།

(LMHPCO) ཡིས་ལྷ་དང་ལྷན་དུ་མཐུན་གྲོགས་ཀྱི་འབྲེལ་ལམ་རྒྱུན་གནས་ཡོང་བར་རེ་སྨོན་བྱེད་བཞིན་ཡོད་ཅིང་། བོད་ཀྱི་བྱུང་རབས་དང་སྲོལ་རྒྱུན་གྱིས་ང་ཚོར་འགྲོ་བ་མིའི་ཆེ་མཐོང་དང་། བྱམས་སྙིང་རྗེའི་དམ་བཅའ་དང་མི་འགལ་བའི་མིག་དཔེ་ཞིག་སྟོན་བཞིན་མཆིས། ནུབ་ཕྱོགས་པ་རྣམས་ཀྱིས་ཁྱོད་ཚོའི་རིག་གཞུང་ནས་སྦྱོང་རྒྱུ་ཧ་ཅང་མང་པོ་ཞིག་འདུག་པ་ནི་ཆེས་ངོ་མཚར་དང་ལྡན་པ་ཞིག་རེད།

མཇུག་མཐར་ལྷ་ཚོགས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ལེགས་གྲུབ་ཡོང་བའི་སྨོན་འདུན་བཟང་པོ་དང་བཅས་ཏེ་ངེས་སྟོན་པ་རྗེ་མིའི་བྷོའོ་ཌི་རེའོ་སི་ (Jamey Boudreaux) ཡིས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༥ཉིན།།

Leave your comment