ལུ་སི་ཡ་ན་སིན་ཊིན་ནི་རེ་མཐོ་སློབ་ཀྱི་འཚམས་འཕྲིན།

Messag from Centenary College of Louisiana USA

Messag from Centenary College of Louisiana USA༄༅།། བརྩེ་བའི་ངག་དབང་ལགས།

ང་ཚོའི་མཐོ་སློབ་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གཉིས་ལོ་བཅུ་བཞིར་མཉམ་ལས་བྱས་པར་དགའ་གུས་དང་། ལྷ་ཚོགས་པ་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བའི་མཛད་སྒོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཚོགས་པའི་འཐུང་ཆུ་གཙང་མའི་ལས་འཆར་དང་། སྤྱི་ཐབ། བོད་པ་སྐྱབས་བཅོལ་བ་ཚོར་ཀམ་པུ་ཊར་དང་ཨིན་ཡིག་སློབ་ཁྲིད་གནང་བ། ཨ་རིའི་གཙུག་ལག་སློབ་ཁང་ཁག་གི་ལས་དོན་འདི་ཚོའི་ནང་མཉམ་ཞུགས་དང་འབད་བརྩོན་བྱེད་རྒྱུའི་གོ་སྐབས་བྱུང་བ། བོད་པའི་སྤྱི་ཚོགས་ནང་ལྷ་ནང་བཞིན་ནུས་ལྡན་ཕན་ཐོགས་ཡོད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཉུང་ཉུང་ཡིན་ཞིང་།

སིན་ཊིན་ནི་རེ་ནི་མཐོ་སློབ་ (Centenary College) ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་ལྷ་ཚོགས་པས་རྒྱ་གར་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ཆེད་དུ་དྲན་གསོ་བྱེད་འོས་པའི་ལས་དོན་མང་པོ་ཞིག་བརྒྱུད་དེ་ང་ཚོའི་སློབ་ཕྲུག་མང་པོའི་མི་ཚེར་འགྱུར་བ་བཏང་ཡོད། ངའི་ངོས་ནས་ད་དུང་ལོ་མང་པོར་མཉམ་ལས་ཡོང་བའི་རེ་བ་བྱེད་བཞིན་ཡོད།

འབུམ་རམས་པ་ཌི་ཝི་ཌི་ཨོ་ཋོ་ཡིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ ཉིན།

Leave your comment