རིགས་གཞུང་བརྗེ་རེས་ཀྱི་ཚོགས་པ།

Cultural Exchange Group 3

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་་ཁང་གི་རིག་གཞུང་བརྗེ་རེས་ལས་གཞི་ལས། ༢༠༡༩ ཟླ་༨ ཚེས་༢༢ ནས་ཟླ་ ༩ ཚེས་༥ བར་ཉིན་གྲངས་བཅུ་ལྷག་ཙམ་རིང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་སྣེ་ལེན་གྱིས་ཏུང་ལེན་མཐོ་སློབ་ཁང་ནས་ཕེབས་པའི་སློབ་ཕྲུག་རྣམས་དང་རིགས་གཞུང་བརྗེ་རེས་གནང་ཡོད་ཅིང་།

Cultural Exchange Groups from US and UKསློབ་ཕྲུག་ཚོགས་པ་དེ་འགོ་ཁྲིད་མཁན་དེ་ཡུན་རིང་ནས་ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་སློབ་དཔོན་རོན་Ronདང་ཀ་རོལེན་ Caroline དེ་བཞིན་ང་ཚོའི་ཚོགས་པ་ཐོག་མ་གསར་འཛུགས་གནང་མཁན་སྐུ་ཞབས་ཎིལ་གྷོཊི་ Neil Guidryབཅས་ཡིན། ནུབ་ཕྱོགས་པའི་སློབ་ཕྲུག་ཚོགས་ཁག་དང་ལྷ་སློབ་ཕྲུག་ཚོགས་པ་ཕྱོགས་གཉིས་པོས་ཉམས་མྱོང་དང་ཤེས་ཚད་རིག་གཞུང་སོགས་ཤེས་བྱའི་རྣམ་གྲངས་མང་པོ་བརྗེ་རེས་གནང་ཡོད་པ་མ་ཟད། སྦིར་གཙོས་པའི་བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་ཁག་ལ་རྒྱུས་ལོན་དང་ཤེས་རྟོགས་སླད་སྐོར་བསྐྱོད་དུའང་ཕྱིན་ཡོད་པ་རེད།

Leave your comment