༢༠༡༩ ལོའི་ལྷ་ལག་ཤེས་སྦྱོང་བརྡར་གྱི་ལས་གཞི་ཁག་སྐྱོངས་བཞིན་པ།

Cookery Course

ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ལས་༢༠༡༩ཟླ་༨པའི་ནང་ལག་ཤེས་སྦྱོང་བརྡར་མི་འདྲ་བ་ཁག་གསུམ་ཕན་འབྲས་ལྡན་པའི་ལས་རིམ་དེ་དག་སྐྱོངས་བཞིན་ཡོད་པ་ཧ་ཅང་གི་དགའ་སྤོབས་ངང་བསྒྲགས་འདོད་བྱུང་།  ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་དང་ཨ་རིའི་བོད་ཀྱི་ཐབས་རྩས་མཐུན་འགྱུར་གྱིས་ལྷ་ལག་ཤེས་སྦྱོང་བརྡར་ལས་གཞི་ནང་བོད་པའི་གཞོན་སྐྱེས་རྣམས་ཀྱི་མ་འོངས་པ་རང་ཉིད་ཀྱི་མདུན་ལམ་འཚོ་ཐབས་སམ་རང་ཉིད་ཀྱི་མདུན་ལམ་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཚོ་ཐུབ་པའི་དམིགས་འབེན་གཙོ་བཟུང་གི་སྦྱོང་བརྡར་ལས་རིགས་ཁག་མི་ཉུང་བ་མཁོ་སྤྲོད་བྱེད་བཞིན་ཡོད་ན།

༢༠༡༩ ལོའི་ཟླ་ ༨ པའི་ནང་རྒྱལ་ཁབ་ཁག་འདྲ་མིན་གྱི་ཁ་ལག་བཟོ་སྟངས་ཀྱི་སྦྱོང་བརྡར་དང་། བཏུང་བ་རིགས་བཟོ་སྟངས་རིགས་སྦྱོང་བརྡར་། བོད་ཀྱི་སྲོལ་རྒྱུན་ཕུར་མཉེའི་སྦྱོང་བརྡར་བཅས་སྦྱོང་བརྡར་ལས་རིགས་ཁག་གསུམ་ཙམ་ཕན་ནུས་ལྡན་པའི་སྐྱོངས་བཞིན་ཡོད་པ་དེ་དག་གི་དགེ་རྒན་ཡང་ལས་རིགས་སོ་སོའི་ཁྱད་ལས་པའམ་ཉམས་མྱོང་ཚད་ལྡན་ཡོད་པ་ཤ་སྟག་གདན་ཞུས་ཀྱིས་སློབ་ཁྲིད་གནང་གི་ཡོད་པ་རེད།
Bartender Courseབོད་ཀྱི་སྲོལ་རྒྱུན་ཕུར་མཉེའི་སྦྱོང་བརྡར་ལྟ་བུར་ཆ་ཚོན་ན་༢༠༡༩ ནང་ལས་རིམ་ཐེངས་གཉིས་པ་ཡིན་པ་དང་། ཟླ་༩ ཚེས་༦ ཉིན་ལས་རིམ་ཐེངས་གསུམ་པ་དེ་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད། སྦྱོང་བརྡར་ལས་རིགས་དེ་དག་ནང་འཛུལ་ཞུགས་པ་སློབ་མ་ཕལ་ཆེར་བ་ཆུང་དུས་སློབ་སྦྱོང་བྱ་རྒྱུ་གོ་སྐབས་ཐོབ་མེད་པའི་བོད་ནས་གསར་དུ་འབྱོར་བ་ཡིན་པ་རེད། ང་ཚོ་ངོས་ནས་སློབ་མ་རྣམས་ཀྱི་བསམ་ཚུལ་རྒྱུས་ལོན་བྱས་པའི་བརྒྱུད། རེ་འགས་ཆུང་དུས་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་མེད་པས་ད་ལྟའི་ལས་གཞི་དེདག་གིས་མ་འོངས་པ་ཁོང་རྣམ་པའི་འཚོ་ཐབས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད་པ་དང་། Massage and Spa Courseཡང་རེ་འགས་ལས་རིགས་དེ་དག་ལ་བརྟེན་ནས་སྤྱི་ཚོགས་ནང་དགོས་མཁོ་ཅན་ལ་རོགས་སྐྱོར་ཡང་བྱེད་ཐུབ་ཀྱི་ཡོད་པ་ཡང་གསུངས་མཁན་འདུག གང་ལྟར་ཡང་ལས་གཞི་དེ་དག་ལེགས་གྲུབ་དང་མདུན་བསྐྱོད་ཐུབ་པ་ནི་འབྲེལ་ཡོད་ཚང་མས་མཐུན་འགྱུར་གྱི་ཉེར་ལེན་ལ་བརྟེན་ནས་བྱུང་བ་བརྗོད་མི་དགོས་པ་ཞིག་ལགས་ན་འབྲེལ་ཡོད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

Leave your comment