དམིགས་བསལ་དགོས་མཁོ་ཅན་ལ་འཐུང་ཆུ་གཙང་བཟོ་འཕྲུལ་ཆས་མཁོ་སྤྲོད།

Clean Drinking Water Facility at Special Needs School 1

༢༠༡༩ ཟླ་ ༧ ཚེས་༨ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་གཞི་འོག་རྡ་སར་རྟེན་གཞི་བྱས་པའི་(Rotary Club)བརྒྱུད་ནས་རྒྱ་གར་གྱི་སློབ་གྲྭ་(Surya Uday Charitable Trust) ལ་འཐུང་ཆུ་གཙང་མ་བཟོ་བྱེད་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་རེད།

སློབ་གྲྭ་དེའི་སློབ་ཕྲུག་གྲངས་༨༩ དང་དགེ་ལས་བསྡོམ་པའི་གྲངས་༢༡ ཡོད་པ་དང་ཁོང་རྣམ་པའི་འཐུང་ཆུར་དཀ་ངལ་འཕྲད་བཞིན་པར་རྟེན་ང་ཚོས་མཐུན་འགྱུར་ཞུས་ཐུབ་པ་བྱུང་ཡོད། ༢༠༡༠ ནས་བཟུང་བོད་པ་དང་རྒྱ་གར་གཉིས་ཀྱི་སྤྱི་ཚོགས་ནང་སློབ་གྲྭ་ཁག་དགོན་སྡེ་ཁག་བཅས་ལ་ཁྱོན་བསྡོམས་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་༢༧ ཙམ་གསར་འཛུགས་ཀྱིས་མཁོ་སྤྲོད་ཐུབ་པ་བྱུང་ཡོད། Clean Drinking Water Facility at Special Needs Schoolདེ་དག་ནི་གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་པོ་རྣམས་ཀྱིས་མཐུན་འགྱུར་དང་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན་པར་སྨོས་ག་ལ་དགོས། ང་ཚོས་མུ་མཐུད་དེ་སློབ་གྲྭ་ཁག་དང་དགོན་སྡེ་ཁག་བཅས་དགོས་མཁོ་ཅན་རྣམས་ཀྱི་ཆེད་ཆུ་གཙང་བཟོ་འཕྲུལ་ཆ་འཚོལ་སྒྲུབ་བྱེད་བཞིན་ཡོད་ན་གཏོང་ཕོད་ཅན་གྱི་སྦྱིན་བདག་སུས་གནང་འདོད་ཡོད་ཚེ་ང་ཚོའི་གློག་འཕྲིན་ཁ་སྦྱང་ [email protected] བརྒྱུད་འབྲེལ་བ་གནང་རོགས་ཞུ་རྒྱུ་དང་། གཙང་བཟོ་འཕྲུལ་ཆ་གཅིག་ལ་རིན་གོང་མ་གནས་ཨ་སྒོར་༢,༥༠༠ ཙམ་རེད་འདུག

Leave your comment