favicon-40.png

June ༦, ༢༠༡༨

Workshop for NGOs 01

ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ལས་བྱེད་གཉིས་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཡོད་པ་རེད།

ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་མཐུན་འགྱུར་འོག་བཙན་བྱོལ་བོད་མི་གནས་སྡོད་བཞུགས་སྒར་རྡ་རམ་ས་ལ་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཞི་བའི་ཚལ་ཚོགས་ཁང་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འགའ་ལ་ཟབ་སྦྱོང་མ་འདྲ་བ་ཁག་གཉིས་གོ་སྒྲིག་གནང་ཡོད་པ་དང་ལྷ་སྤྱི་ཚོགས་ཞབས་ཞུ་དངཤེས་ཡོན་ལྟེ་གནས་ཁང་གི་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་དང་ལས་ཁུངས་དོ་དམ་པ་ཆོས་དབྱངས་དབང་མོ་ལགས་རྣམ་གཉིས་ཀྱང་ཟབ་སྦྱོང་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད།