favicon-40.png

April ༡༠, ༢༠༡༨

metting 02

ཚོགས་པའི་ལས་བྱེད་ཕྱི་རྒྱལ་སོགས་སུ་སྐོར་སྐྱོད།

ཚོགས་པའི་ལས་དོན་དང་ཚོགས་འདུ་སོགས་ཀྱི་ཆེད་ལས་བྱེད་མང་པོ་ཕྱིའི་རྒྱལ་ཁབ་ལ་སྐོར་སྐྱོད་དང་། ཚོགས་འདུ། ཟབ་སྦྱོང་སོགས་སུ་མཉམ་ཞུགས་བྱེད་མུས་ལྟར།ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༢ ནས་ ༢༥ བར་ཐའེ་ཝན་རྒྱལ་ཡོངས་ཆོའུ་ཏང་གཙུག་ལག་སློབ་གྲྭ་དང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་གོ་སྒྲིག་འོག་མི་སེར་ཀྱི་ཉམས་མྱོང་བརྗེ་རེས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་གོ་ལའི་མི་སེར་གྱི་ཐོབ་ཐང་གི་ཤེས་ཡོན་སྐོར་རྒྱལ་སྤྱིའི་ཚོགས་འདུར་ཚོགས་པའི་དྲུང་ཆེ་རྡོ་རྗེ་སྐྱིད་དང་འབྲེལ་གཏུག་དུས་དེབ་ཀྱི་རྩོམ་སྒྲིག་པ་བསྟན་འཛིན་བསམ་གཏན་གཉིས་ཆེད་བསྐྱོད་ཀྱིས་མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་འདུ་དེར་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག ལེགས་བྱང་ལྷན་ཚོགས་ཀྱི་ཁྱབ་ཁོངས་གོ་ལའི་སློབ་གཉེར་དང་གོ་ལའི་མི་སེར་གྱི་ཐོབ་ཐང་ཤེས་ཡོན་གྱི་གཙོ་འཛིན་དང་། དེ་ནས་ཨ་རི་དང་། ནེའུ་ཛི་ལན་ཌི། བྷི་རི་ཛལ། ཐའེ་ཝན་སོགས་ཀྱི་གཙུག་ལག་སློབ་གྲྭ་འགའ་ཤས་ཀྱིས་སློབ་དཔོན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འགན་འཛིན་དང་དྲུང་ཆེ་སོགས་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ ༣༥ ཙམ་གྱི་སྐུ་ཚབ་ཆེད་ཕེབས་ཀྱིས་ཆ་ཤས་བླངས་ཡོད། ང་ཚོའི་དྲུང་ཆེ་རྡོ་རྗེ་སྐྱིད་ལགས་ཀྱིས་བོད་དོན་དང་ཚོགས་པའི་སྐོར་ངོ་སྤྲོད་གཏམ་བཤད་བྱས་ཏེ་ཚོགས་པའི་ལས་དོན་དང་བོད་དོན་དྲིལ་བསྒྲགས་སོགས་གང་ལེགས་བྱུང་ཡོད།

Social Media

བརྡ་འཕྲིན་བེད་སྤྱོད་དང་ཕན་ནུས་སྐོར།

དུས་རབས་ཉེར་གཅིག་པའི་དུས་འགོ་ནས་བཟུང་འཛམ་གླིང་ནང་བརྡ་འཕྲིན་དར་ཁྱབ་ཤུགས་ཆེར་འགྲོ་བ་དང་བསྟུན། རྒྱལ་སྤྱིའི་ནང་རྒྱལ་ཁབ་དང་ཚོགས་སྡེ། མི་སྒེར་སོགས་ཀྱིས་ཉིན་རེའི་ལས་དོན་ཆེད་འབྲེལ་ལམ་དང་བརྡ་ཁྱབ་སོགས་མང་ཆེ་བ་བརྡ་འཕྲིན་བརྒྱུད་ནས་ལས་དོན་སྒྲུབ་འགོ་བཙུགས་ཡོད། རྒྱུ་མཚན་ནི་བརྡ་འཕྲིན་བརྒྱུད་དེ་ལས་དོན་ཁག་ལས་ཆོད་ཆེ་བ་དང་ཚགས་ཚུད་ཚད་ལྡན། འབྲེལ་ལམ་དང་བརྡ་ཁྱབ་སོགས་ཆེས་མགྱོགས་པས་སྐར་ཆ་འགའ་ཤས་ནང་འཛམ་གླིང་ཤར་ནུབ་བར་ཁྱབ་སྤེལ་ཐུབ་པའི་དགེ་མཚན་དང་ཁྱད་ཆོས་དུ་མ་ལྡན་ཡོད་པར་མ་ཟད། འགྲོ་སོང་ཆུང་བ་དང་རྒྱ་ཁྱབ་ཆེ་བ་སོགས་ཀྱི་ཕན་ནུས་ཆེན་པོ་ལྡན་ཡོད། ལྷག་པར་དུ་བརྡ་འཕྲིན་གྱི་ཁྱབ་ཁོངས་ནས་དྲ་ཚིགས་དང་། གློག་འཕྲིན། སྤྱི་ཚོགས་འབྲེལ་མཐུད་དྲ་གནས་སོགས་ནི་ང་ཚོའི་ཚོགས་པར་མཚོན་ན་ཉིན་རེའི་ལས་དོན་དང་ཁ་བྲལ་ཐབས་མེད་ཅིང་། དཔེར་ན་ཉིན་ལྟར་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ནས་སྐད་ཡིག་གཉིས་ཐོག་ཚོགས་པའི་དམིགས་ཡུལ་དང་། ཞབས་ཞུའི་ལས་དོན་ཁག དྭང་བླངས་ཀྱི་གོ་སྐབས་དང་དགོས་མཁོ་སོགས་དྲ་ཚིགས་བརྒྱུད་ནས་ཁྱབ་བསྒྲགས་དང་འབྲེལ་མཐུད་ཀྱིས་དྭང་བླངས་པ་མང་པོས་ང་ཚོའི་ལས་དོན་ལ་ཆ་ཤས་ལེན་ཐབས་དང་། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ་ཆེད་གསུང་རྩོམ་དང་། གསུང་བཤད། བོད་དོན་དང་འབྲེལ་བའི་ཉིན་རེའི་གནས་ཚུལ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སོགས་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ནས་ཡོངས་གྲགས་ཁྱབ་སྤེལ་བྱེད་ཐུབ་ཀྱི་ཡོད་ཅིང་། ཚོགས་པའི་གལ་ཆེའི་གནས་ཚུལ་སོགས་ནང་དོན་ཕུན་སུམ་ཚོགས་པ་ཡིག་ཐོག་དང་། བརྙན་པར། སྒྲ། པར་རིས་སོགས་བལྟ་ཉན་ཀློག་གསུམ་བྱས་པ་བརྒྱུད། འབྲེལ་ཡོད་ཤེས་བྱ་དང་གནས་དོན་མང་པོ་ལས་སླ་པོར་ཤེས་རྟོགས་ཐུབ་པའི་མཐུན་རྐྱེན་དོན་དང་ལྡན་པའི་བརྡ་འཕྲིན་ཁག་བེད་སྤྱོད་གཏོང་གི་ཡོད། དེ་ཡང་དྲ་ཚིགས་ལ་མཚོན་ན་སྐད་ཡིག་གཉིས་ལྡན་གྱི་དྲ་ཚིགས་གསུམ་དང་། ཨིན་ཡིག་ཐོག་དྲ་ཚིགས་གཉིས། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ངོ་དེབ་དྲུག བརྙན་མཛོད་གཉིས། སྒྲ་མཛོད་གཅིག པར་མཛོད་གཅིག དེབ་དང་ཡིག་ཆ་འཇོག་ས་གཅིག འཕྲུལ་སྒྲ་སོགས་དྲ་ཚིགས་མི་འདྲ་བ་བདུན་དང་སྤྱི་ཚོགས་འབྲེལ་མཐུད་དྲ་གནས་མི་འདྲ་བ་གྲངས་ ༡༠

exchange

ཕྱི་ལོ་ ༢༠༡༨ ལོའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ།

འདི་ལོར་ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་འོག་དྷ་སར་ཕེབས་པའི་སྡེ་ཚན་དང་པོ་དེ་ཁ་ན་ཌའི་ (Craig Kielburger Secondary School) ཡིན་པ་དང་། ཁོང་ཚོ་ནི་ (Gapforce)ཞེས་པའི་ཚོགས་པ་སོགས་ཀྱི་བར་སེང་སྐབས་རྟོག་ཞིབ་ལས་འགུལ་དང་ལས་འཆར་གོ་སྒྲིག་གནང་མཁན་གྱི་ཚོགས་པ་ཞིག་བརྒྱུད་ནས་ཕེབས་པ་རེད།