favicon-40.png

November ༥, ༢༠༢༦

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ཕེབས་པའི་སྐུའི་འཁྲུངས་སྐར་དང་བོད་ཀྱི་དགེ་རྒན་ཉིན་མོ།

༄༅། །བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ཕེབས་པའི་སྐུའི་འཁྲུངས་སྐར་དང་བོད་ཀྱི་དགེ་རྒན་ཉིན་མོར་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ལུགས་གཉིས་བསྟན་པའི་གསལ་བྱེད་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལོ་ལྟར་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། འདི་ལོ་ཡང་རྡ་ས་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༧ ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་བྱུང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གདན་འདྲེན་ཞུས་ཡོད། དེ་ཡང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཙམ་མ་ཡིན་པར་ཚོགས་པའི་བོད་ཀྱི་རིག་གཞུང་དང་ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་འོག་རིན་པོ་ཆེ་མཆོག་གི་གསུང་བཤད་བཀའ་སློབ་དང་། མདོ་སྔགས་ཀྱི་གཞུང་ཚན་དུ་མའི་དབང་ལུང་འཆད་ཁྲིད། དེ་བཞིན་གསུང་རྩོམ་སོགས་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་བྱ་བཞིན་ཡོད་ལ། རིན་པོ་ཆེའི་མཚན་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཁོ་ནར་སློབ་གཉེར་གནང་མཁན་གྱི་རྩི་ཕུད་སློབ་ཐོན་སློབ་མ་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་སློབ་ཡོན་ཡང་འབུལ་གྱི་ཡོད། དེ་བཞིན་རིན་པོའི་འཁྲུངས་སྐར་ཉིན་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩེ་ཞུ་ཡི་ཡོད་སྟབས་འདི་ག་ཚོགས་པའི་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་དང། ལག་ཤེས་སྦྱོང་བརྡར་ཕུལ་མཁན་གྱི་དགེ་རྒན་རྣམས་ལ་ཡང་འཚམས་འདྲི་ཞུ་རྒྱུ་ཡིན།