favicon-40.png

September ༣, ༢༠༢༦

ཕྱི་ལོ་ ༢༠༢༦ ལོའི་ལེགས་སྐྱེས་སློབ་ཡོན་གྱི་གསལ་བསྒྲགས།

༄༅། །ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་དགའ་སྤོབས་དང་འབྲེལ་གལ་ཆེའི་གསལ་བསྒྲགས་ཞུ་རྒྱུར། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ་སྲུང་སྐྱོབ་ཀྱི་ལས་གཞི་འོག་འདུལ་འཛིན་བྱེ་བའི་གཙུག་རྒྱན་མཁས་གྲུབ་སྨྲ་བའི་དབང་ཕྱུག་བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མཚན་ཐོག་ཏུ་བཀའ་དྲིན་རྗེས་དྲན་གྱི་སློབ་ཡོན་ ༼སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་སློབ་ཡོན་༽ ཞེས་པའི་ལས་འཆར་ཞིག་ཕྱི་ལོ་ ༢༠༢༥ ནས་འགོ་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གནས་སོགས་ལ་སློབ་གཉེར་གནང་མཁན་རྣམས་ལ། ང་ཚོའི་མི་རིགས་ཀྱི་རིན་ཐང་བྲལ་ཞིང་སྲོག་རྩར་གྱུར་པའི་བོད་ཀྱི་སྐད་ཡིག་དང་རིག་གནས་ལ་སྦྱང་བརྩོན་གནང་བར་ལེགས་སྐྱེས་ཀྱི་ཚུལ་དུ་སློབ་ཡོན་འབུལ་འགོ་འཛུགས་པ་བཞིན་འདི་ལོ ༢༠༢༦ ལོའི་ལེགས་སྐྱེས་སློབ་ཡོན་འབུལ་རྒྱུའི་གསལ་བསྒྲགས་ཞུ་བཞིན་ཡོད།