༢༠༢༦ ལོའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་བོད་ཀྱི་གཞོན་སྐྱེས་སྨན་ཞབས་ཀྱི་སློབ་ཡོན།

༄༅། །འདི་ག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་རྒྱ་གར་ནང་སྨན་ཞབས་ཀྱི་སློབ་སྦྱོང་གནང་འདོད་ཡོད་པ་ཡང་ན་སྨན་ཞབས་ཀྱི་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་ལྔ་ལ་སློབ་ཡོན་ཕུལ་རྒྱུའི་གསལ་བསྒྲགས་ཞུ་རྒྱུ་ཡིན། དེ་ཡང་སློབ་ཡོན་འདིའི་དམིགས་ཡུལ་གཙོ་བོ་ནི་རང་རིགས་གཞོན་སྐྱེས་རྣམས་འཛིན་རིམ་ ༡༢ ཐོན་རྗེས་རང་ཉིད་ཀྱི་སློབ་སྦྱོང་མུ་མཐུད་ནས་བྱེད་འདོད་ཡོད་ཀྱང་ཁྱིམ་གྱི་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པའི་དབང་གིས་སློབ་སྦྱོང་མཚམས་འཇོག་དགོས་པ་མི་ཉུང་བ་ཞིག་འབྱུང་གི་ཡོད་དུས། ང་ཚོས་རང་རིགས་གཞོན་སྐྱེས་རྣམས་ལ་རང་ཉིད་ཀྱི་ཕུག་གི་དམིགས་འདུན་འགྲུབ་པའི་ཆེད་སློབ་ཡོན་གྱི་ལས་འཆར་འདི་སྤེལ་བཞིན་ཡོད། 

སློབ་ཡོན་གྱི་ཚད་གཞི་དང་སློབ་ཡོན་གྲངས།

༡༽ འདམ་ཐོན་བྱུང་བའི་སློབ་ཕྲུག་རྣམས་ལ་སློབ་ཡོན་ཧིན་སྒོར་ ༥༠༠༠༠/- ཕུལ་རྒྱུ། 

༢༽ སྨན་ཞབས་ཀྱི་སློབ་ཡོན་དངུལ་འབོར་དེ་ཐེངས་གཅིག་མ་གཏོགས་ཕུལ་གྱི་མེད། 

༣༽ དོ་བདག་གི་སྙན་ཞུ་དང་ངོ་སྤྲོད་ལ་གཞིགས་སྟེ་དགོས་ངེས་ཀྱི་སློབ་ཕྲུག་ལ་གོ་སྐབས་དང་པོ་ཕུལ་རྒྱུ། 

༤༽ གཤམ་འོག་གི་གསང་བའི་དྲྭ་མིག་ལ་བཤེར་འབེབས་སམ། ཡང་ན་དྲྭ་ལམ་གྱི་སྦྲེལ་ཐག་བརྒྱུད་དགོས་མཁོའི་ཡིག་ཆ་ཁག་བསྐང་ནས་འབུལ་དགོས།་

གཞི་རྩའི་ཆ་རྐྱེན་ཚང་དགོས་པ་གཤམ་གསལ། 

༡༽ སློབ་ཡོན་སྙན་ཞུ་འབུལ་མཁན་དོ་བདག་བོད་མི་ཞིག་ཡིན་དགོས།

༢༽ འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུག་བརྒྱ་ཆ་ཉུང་མཐར་དྲུག་ཅུ་ལོན་དགོས།

༣༽ སྨན་ཞབས་མཐོ་སློབ་ཏུ་སློབ་འཇུག་གནང་ཟིནཔ་ཡིན་ཚེ་མཐོ་སློབ་ཀྱི་དེ་སྔའི་ཡིག་རྒྱུག་ཁྲོད་བརྒྱ་ཆ་ལོན་པ་ཞིག་དགོས།

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་ཡིག་ཆ། 

༡༽ འཚང་སྙན་འབུལ་མཁན་གྱི་སློབ་ཕྲུག་རྣམས་ནས་རང་ཉིད་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་དང་། ནང་མིའི་གནས་སྟངས། དེ་བཞིན་སྨན་ཞབས་ཀྱི་སློབ་ཡོན་འདི་རང་ཉིད་ལ་དགོས་མཁོ་ཆེ་ཚུལ་བཅས་ཚང་བའི་ཞུ་སྙན་ཆེད་རྩོམ་འབུལ་དགོས། 

༢༽ རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་ངོ་བཤུས།

༣༽ བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས།

༤༽ འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཡང་ན། སྨན་ཞབས་ཀྱི་མཐོ་སློབ་འགྲིམ་བཞིན་པ་ཡིན་ཚེ་ལོ་སྔོན་མའི་ཡིག་རྒྱུུག་གི་གྲུབ་འབྲས་ངོ་བཤུས། 

༥༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་གཅིག

༦༽ ས་གནས་འགོ་འཛིན་ལས་ཁུངས་དང་། རག་ཉིད་ཀྱི་དེ་སྔའི་སློབ་གྲྭ་ནས་སྙན་ཞུ་འབུལ་མཁན་གང་ཟག་དེ་ཉིད་ལ་སློབ་ཡོན་གྱི་རོགས་སྐྱོར་དགོས་ཀྱི་ཡོད་པའི་ངོ་སྤྲོད་རྒྱབ་གཉེར་གཉིས། 

སློབ་ཡོན་སྙན་ཞུའི་དུས་ཡུན།  

འཚང་སྙན་འབུལ་འདོད་ཡོད་མཁན་རྣམས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༥ ནང་ཚུད་གསང་བའི་དྲྭ་མིག་ལ་བཤེར་འབེབས་བརྒྱུད་དགོས་མཁོའི་ཡིག་ཆ་ཁག་ཕུལ་ཟིན་པ་དགོས།

འབྲེལ་མཐུད་ཁ་བྱང་།

  • གློག་འཕྲིན་ཁ་བྱང་། office@lhasocialwork.org
  • ཁ་པར་ཁང་གྲངས། ༩༨༨༢༣-༢༣༤༥༥

Facebook
X
LinkedIn
WhatsApp
Email

གསལ་བསྒྲགས།