
མ་བྱན་གསར་བསྡུའི་གསལ་བསྒྲགས།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་མ་བྱན་ལས་བྱེད་ཅིག་དགོས་མཁོ་ཡོད་པས། ཐུགས་འདོད་ཡོད་པ་གང་ཞིག་ལ་གཤམ་གསལ་ཆ་རྐྱེན་ཚང་རིགས་རྣམས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༢ བར་སྙན་ཞུ་འབུལ་འབྱོར་ཐུབ་པ་དགོས། ཆ་རྐྱེན་ཁག ༡༽དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་པ་གང་ཞིག་དཔྱ་དངུལ་དུས་ཐོག་ཕུལ་ཡོད་པའི་ངོ་བཤུས། ༢༽གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ཡོད་ཅིང་དུས་འགྱངས་ཟིན་པའི་ངོ་བཤུས། ༣༽གཟུགས་གཞི་བདེ་ཐང་དང་ལས་འཕེར་ཡིན་པའི་ཚད་ལྡན་གྱི་སྨན་ཁང་ནས་སྨན་པས་ངོས་སྦྱོར། ༤༽ ལས་ཁུངས་གཞན་ལ་ལས་ཀ་བྱེད་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར། ༥༽ ཉུང་མཐར་ཡང་ལོ་གསུམ་རིང་མ་བྱན་གྱི་ཉམས་མྱོང་ཡོད་པ་ཞིག་ཡིན་དགོས།
