ལས་དོན་སྟངས་འཛིན་དང་ཐག་གཅོད།

Management and Decision Making 01

Management and Decision Making 01ཚོགས་སྡེ་སྒྲིག་འཛུགས་ཞིག་ཡིན་ཕྱིན་ཆད་ཁྲིམས་སྒྲིག་ལག་བསྟར་གྱིས་སྟངས་འཛིན་འོག་ལས་དོན་ཡོངས་རྫོགས་ཁྲིམས་མཐུན་དང་། དྲང་བདེན། འདྲ་མཉམ་བཅས་གཞི་རྩར་བཞག་སྟེ་ལས་དོན་སྒྲུབ་དགོས་པ་སྨོས་མེད་ཁར། ང་ཚོའི་ཚོགས་པའི་ལས་དོན་ཡང་བོད་པའི་སྤྱི་ཚོགས་ཙམ་མ་ཡིན་པར་ཕྱི་ནང་གི་ཚོགས་སྡེ་དང་མི་རིགས་འདྲ་མིན་དང་འབྲེལ་འདྲིས་ཆེན་པོ་ཡོད་ཅིང་། སྤྱིར་ཚོགས་པའི་ལས་དོན་ཡོངས་རྫོགས་གཞན་ཕན་དང་སྤྱི་ཚོགས་ཞབས་ཞུ་ཡིན་པར་སོང་། ལས་རིམ་དང་ལས་གཞི་གསར་གཏོད་བྱེད་སྐབས་འཕྲལ་ཕུགས་རྒྱང་གསུམ་ལ་སྤྱི་ཚོགས་རང་ལ་ཕན་བདེ་བསྐྲུན་རྒྱུའི་དམིགས་ཡུལ་དང་ཀུན་སློང་འཁྱེར་གྱི་ཡོད།

ལྷག་པར་དུ་ལས་དོན་གང་ཅིའི་ཐད་གཟབ་ནན་གྱིས་ལག་བསྟར་དང་། སྤྱི་ཚོགས་དང་མི་སྒེར་ལ་རྡབ་གསིག་གནོད་པ་མི་ཡོང་བ་རྩ་དོན་དུ་འཛིན་པའི་ཐོག བོད་པས་འཛིན་སྐྱོང་བྱེད་བཞིན་པའི་ཚོགས་སྡེ་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ལྟ་སྤྱོད་ཀྱི་རྒྱ་ལས་མ་བརྒལ་བ། ལས་དོན་ཐག་གཅོད་དང་ལས་འཆར་གསར་བཏོད་ཀྱིས་མཚོན་པའི་དཔལ་འབྱོར་དང་དངུལ་རྩིས་སྟངས་འཛིན་ཡོངས་རྫོགས་ཚོགས་ཆུང་རང་ནས་ཐག་གཅོད་ཀྱིས་ཕྱི་གསལ་ནང་གསལ་ཡོང་བར་འབད་བརྩོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཚོགས་པ་འདིར་མཚོན་ན་འགན་ཁུར་དང་། ལས་དོན་ཐག་གཅོད། ལག་བསྟར་གྱི་བརྒྱུད་རིམ་ཡོངས་རྫོགས་ཡིད་ཆེས་དགེ་རྩའི་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་དང་། དེའི་ནང་ནས་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ་གསུམ་གྱིས་འགན་ཁུར་རྐང་ལེན་འོག་དུས་ནས་དུས་སུ་གྲོས་བསྡུར་གྱིས་ཐག་གཅོད་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་སློབ་སྟོན་ལྷན་ཚོགས་ཤིག་ཡོད་པ་དེའི་ནང་ཚོགས་པ་འདི་གསར་འཛུགས་གནང་མཁན་དང་། འགན་འཛིན་ཟུར་པ་སོགས་ལས་གྲུབ་པའི་ཚོགས་པ་འདི་ཉིད་འགོ་འཛུགས་སྐབས་ནས་འབྲེལ་བ་ཆགས་པའི་མི་སྣ་ཤ་སྟག་ཡིན་ཞིང་། ཁོང་ཚོར་ལས་དོན་གལ་ཆེའི་རིགས་ལ་བཀའ་འདྲི་དང་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།

Facebook
X
LinkedIn
WhatsApp
Email