རིག་གཞུང་བརྗེ་རེས།

18121791 10213362952966528 8646856572120427115 o something

 ངེད་ཚོགས་པའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་འོག ང་ཚོས་བཅོས་མིན་གྱི་ལམ་ (Rustic Pathways) ཞེས་པ་ནས་འདི་ལོའི་ཆེས་ཐོག་མར་སློབ་མ་ཁྱུ་ཞིག་ལ་སྣེ་ལེན་བྱས། དེ་ཡང་ (Lycée Français de San Francisco, a bilingual French school)

18121791 10213362952966528 8646856572120427115 o something

སོགས་ནས་སློབ་མ་བཅུ་གཅིག་ཙམ་འདིར་གཟིགས་སྐོར་ལ་འབྱོར་བ་དང་། ཁོང་ཚོ་མེག་ལོར་དུ་ཉིན་གསུམ་བཞུག་རིང་། ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ་རྣམས་དང་ལྷན་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་བསྐྲུན། བཅོས་མིན་གྱི་ལམ་ (Rustic Pathways) ཞེས་པ་ནས་ཡིན་པའི་ཨཱི་མ་དྷན་ཧེ་ཝི་ཟེར་བས། “ངས་བོད་ཀྱི་ལོ་རྒྱུས་དང་། དོན་དངོས་སུ་ཁོང་ཚོས་བོད་ནང་དུ་འཐབ་རྩོད་ཇི་ལྟར་བྱེད་བཞིན་པའི་སྐོར་ནས་མང་དུ་ཤེས་སོང་བ་དང་། གཞན་ལ་སློབ་པ་དང་། རང་གིས་སྦྱོང་བ་གཉིས་དུས་གཅིག་ཏུ་བྱེད་པ་དེ་ནི་ང་ལ་མཚོན་ན་ཉམས་མྱོང་ཤིན་ཏུ་གལ་ཆེན་ཞིག་ཡིན།” ཞེས་གསུངས། ཨ་རིའི་སྒྲིག་འཛུགས་དེས་སློབ་མ་རྣམས་ལ་དོན་སྙིང་ལྡན་པའི་འགྲུལ་བཞུད་ཀྱི་ཞབས་ཞུ་དང་། འཛམ་གླིང་གི་ས་ཕྱོགས་གང་སར་སློབ་སྦྱོང་དང་། དང་བླངས་ཀྱི་གོ་སྐབས་སྐྲུན་བཞིན་ཡོད་པ་རེད།

ཐེངས། {hits}152{/hits} བཀླགས་འདུག

Leave your comment