ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དྭང་བླངས་བའི་ལས་གཞི།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འདས་པའི་ལོ་ངོ་ ༡༠ ཙམ་གྱི་རིང་ས་གནས་ཚོགས་སྡེ་ཁག་དང་འབྲེལ་འདྲིས་གང་ལེགས་ཡོད་པ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་གཏན་འཇགས་ལས་བྱེད་༡༠ ཙམ་གྱིས་ལས་ཀ་བྱེད་མུས་ཐོག འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་ཞབས་ཞུ་བ་མང་པོས་ཀྱང་ཚོགས་པའི་ཉིན་རེའི་ལས་དོན་ལ་ཕན་ནུས་གལ་ཆེ་ཐོན་བཞིན་ཡོད་ལ། ས་གནས་རྒྱ་གར་གྱི་སྤྱི་ཚོགས་ལའང་ཕན་ཐོགས་ངེས་ཅན་ཐོན་བཞིན་ཡོད།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནི་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་རྒྱལ་དྭང་བླངས་བའི་ལས་ཀ་བྱེད་ས་དང་འབྲེལ་མཐུད་བྱེད་མཁན་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོགས་ལ་རོགས་རམ་གྱིས་དང་བླངས་བ་དང་འབྲེལ་མཐུད་བྱེད་ཀྱི་ཡོད།

ཆེད་ལས་པ་དང་ཆེད་ལས་མཁན་མ་ཡིན་པ་ཇི་ལྟར་ཡང་དང་བླངས་བ་ཚོས་དོན་དང་ལྡན་པའི་ཞབས་ཞུའི་ཐོག་ཉམས་མྱོང་འདྲ་མིན་གསག་རྒྱུའི་གོ་སྐབས་རག་གི་ཡོད་པ་མ་ཟད། སྐྱབས་བཅོལ་སྤྱི་ཚོགས་ནང་ལའང་དེ་བཞིན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། ལྷག་པར་ང་ཚོའི་ཚོགས་པའི་ཉིན་རེའི་ལས་འཆར་དང་ལས་གཞི་མང་པོ་དྭང་བླངས་བས་རོགས་རམ་ལ་བརྟེན་དགོས་ཀྱི་ཡོད།

Volunteer-1དྭང་བླངས་བའི་རང་ཉིད་ཀྱི་ཤེས་ཡོན་དང་ལག་རྩལ་སོགས་བཙན་བྱོལ་བོད་མི་དང་། ས་གནས་རྒྱ་གར་བ། དེ་བཞིན་ཧི་མ་ལའི་རི་བརྒྱུད་ཀྱི་ཡུལ་མི་དང་ཚོགས་སྡེ་ཁག་གི་ནང་བེད་སྤྱོད་གཏོང་བའི་གོ་སྐབས་སྐྲུན་གྱི་ཡོད་ཅིང་། དེ་བཞིན་དང་བླངས་བ་དེ་ཚོར་སྤྱི་ཚོགས་ཞབས་ཞུའི་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ཉམས་མྱོང་འདྲ་མིན་གསག་རྒྱུའི་གོ་སྐབས་ཡང་ཡོང་གི་ཡོད་པ་རེད།
ལྷའི་ནང་དང་བླངས་ཀྱི་ཞབས་ཞུ་སྒྲུབ་སྐབས། དང་བླངས་ཞུ་ཡུལ་གྱི་རིག་གཞུང་ལ་རྒྱུས་ལོན་དང་། མི་དབར་གྱི་འབྲེལ་འདྲིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འཕྲད་བཞིན་པའི་ད་ལྟའི་གནས་སྟངས། མི་ཞིག་གི་མི་ཚེ་དྲང་ཕྱོགས་སུ་བསྒྱུར་ཐབས་བཅས་ཀྱི་སྐོར་ཉམས་མྱོང་མང་པོ་བསག་རྒྱུའི་གོ་སྐབས་ལྡན་ཡོད།

Valunteers of Lhaལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དམིགས་ཡུལ་གཙོ་བོ་དང་བླངས་བ་ཚོར་འབྲེལ་མཐུད་ཀྱིས་ཁོང་ཚོར་དོན་དང་ལྡན་པའི་ལས་ཀའི་ཉམས་མྱོང་ཞིག་གསོག་འཇུག་རྒྱུ་དེ་ཡིན་ཞིང་། ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཁེ་མེད་ཀྱི་ཚོགས་སྡེ་ཁག་གི་ནང་། སྐབས་དོན་དང་འབྲེལ་བའི་ཞབས་ཞུ་དང་། སྦྱོང་བརྡར། ལས་རིམ་འདྲ་མིན་ནང་ཞུགས་རྒྱུར་གོ་སྒྲིག་བྱེད་ཀྱིན་ཡོད།

Valunteers of Lha 1དྷ་རམ་ས་ལ་ནི་བོད་མི་རྣམས་གནས་སའི་ལྟེ་གནས་ཤིག་ཏུ་གྱུར་ཡོད། མ་ཚད་གནས་འདི་ནི་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གི་ཕ་ཡུལ་གཉིས་པ་ལྟ་བུ་ཞིག་ཆགས་ཡོད་ཅིང་། འདིར་བོད་མི་གྲངས་༨༠༠༠ ལྷག་ཙམ་གནས་སྡོད་བྱེད་ཀྱི་ཡོད། དེར་མ་ཟད་གནས་འདིར་གཙུག་ལག་ཁང་དང་། བཙུན་དགོན། སློབ་གྲྭ་སོགས། བོད་མིའི་ཚོགས་སྡེ་འདྲ་མིན་གྱི་ལྟེ་གནས་ཤིག་ཀྱང་ཡིན།

Valunteers of Lha 2ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འདས་པའི་ལོ་ངོ་ ༡༠ ཙམ་གྱི་རིང་ས་གནས་ཚོགས་སྡེ་ཁག་དང་འབྲེལ་འདྲིས་གང་ལེགས་ཡོད་པ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་གཏན་འཇགས་ལས་བྱེད་༡༠ ཙམ་གྱིས་ལས་ཀ་བྱེད་མུས་ཐོག འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་ཞབས་ཞུ་བ་མང་པོས་ཀྱང་ཚོགས་པའི་ཉིན་རེའི་ལས་དོན་ལ་ཕན་ནུས་གལ་ཆེ་ཐོན་བཞིན་ཡོད་ལ། ས་གནས་རྒྱ་གར་གྱི་སྤྱི་ཚོགས་ལའང་ཕན་ཐོགས་ངེས་ཅན་ཐོན་བཞིན་ཡོད།

Valunteers of Lha 3དྭང་བླངས་བ་རྣམས་ཀྱིས་ཕན་གྲོགས་ལ་བརྟེན་ནས། ང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། ཉིན་ལྟར་དབྱིན་ཇི་དང་། རྒྱ་ཡིག་འཛིན་གྲྭ། ཧྥ་རན་སིའི་སྐད་ཡིག་འཛིན་གྲྭ། སི་པན་གྱི་སྐད་ཡིག་འཛིན་གྲྭ། དེ་བཞིན་གློག་ཀླད་འཛིན་གྲྭ་བཅས་འཛིན་གྲྭའི་རྣམ་གྲངས་མང་པོ་ཞིག་བདེ་བཀླགས་ངང་ཚུགས་ཐུབ་ཀྱིན་ཡོད་པ་རེད། མ་ཚད་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་རྒྱལ་སྤྱིའི་དྭང་བླངས་བའི་ཚོགས་སྡེ་འདྲ་མིན་དང་མཉམ་འབྲེལ་གྱིས་ལས་རིམ་འདྲ་མིན་གོ་སྒྲིག་ལག་བསྟར་བྱེད་ཀྱི་ཡོད་པ་རེདསྟབས་ལེགས་པ་ཞིག་ལ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་ལོ་རེ་བཞིན་དྭང་བླངས་ཞབས་ཞུ་བ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ནས་ ༢༠༡༢ བར་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༤༡ ནས་ཁྱོན་དྭང་བླངས་བ་མི་གྲངས་ ༥༡༨༣ བྱུང་ཡོད། ང་ཚོས་ལོ་རེ་ཆ་སྙོམ་དྭང་བླངས་ཞབས་ཞུ་བ་ ༦༠༠ ཙམ་ལ་ལས་ཀ་བྱེད་མཁན་ཡོང་གི་ཡོད་པ་དང་། དགུན་ཁར་ཉིན་རེ་ཆ་སྙོམ་དྭང་བླངས་བ་མི་ ༡༥ ནས་ ༢༥ བར་དང་། དཔྱིད་ཀར་ཉིན་རེ་ཆ་སྙོམ་དྭང་བླངས་ཞབས་ཞུ་བ་མི་གྲངས་ ༢༥ ནས་ ༥༠ བར་ཡོད།
སྤྱིར་དང་བླངས་ཞབས་ཞུ་དུས་ཡུན་བདུན་ཕྲག་གཅིག་ནས་ཟླ་བ་དྲུག་བར་ཡིན་ཡང་། དྭང་བླངས་དུས་ཡུན་ག་ཚོད་རིང་བ་བྱེད་མཁན་བྱུང་ནས་ཕན་ཐོགས་དེ་བཞིན་ཆེ་བ་ཡོང་གི་ཡོད། ཡིན་ནའང་འདས་པའི་དུས་ཡུན་ནང་དང་བླངས་བ་མང་ཆེ་བས་དང་བླངས་དུས་ཡུན་ཟླ་བ་གཅིག་ནས་གསུམ་བར་བྱེད་མཁན་མང་བ་བྱུང་ཡོད།