རིན་མེད་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོའི་ལས་འཆར།

ཕྱི་ལོ་ ༢༠༠༩ ལོ་ནས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནང་ཁང་གིས་དྷ་རམ་ས་ལར་གནས་སྡོད་སྐྱབས་བཅོལ་བོད་མི་དང་ས་གནས་རྒྱ་གར་མི་མང་མི་ཉུང་བ་ཞིག་ལ་རིན་མེད་མིག་བརྟག་དཔྱད་དང་རིན་མེད་མིག་ཤེལ་གསར་བཟོའི་ལས་འཆར་ཞིག་ལག་བསྟར་བྱས།

Eye Glassesལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། ས་གནས་མིག་གི་སྨན་པ་ལྷའི་ཡིག་ཚང་དུ་ཆེད་དུ་གདན་འདྲེན་ཞུས་ནས། མི་མང་ལ་མིག་བརྟག་དཔྱད་བྱས་པས་མ་ཚད། སླར་ཡང་བདེ་ལེགས་སྨན་ཁང་གི་སྨན་པས་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། ཁྱོན་མི་གྲངས་༢༩༦ཙམ་གྱི་མིག་རིན་མེད་བརྟག་དཔྱད་དང་།ཁྱོན་མི་གྲངས་༢༢༦ལ་རིན་མེད་མིག་ཤེལ་བཟོས་ཡོད།

ལས་འཆར་དེས་མིག་ནད་པ་དང་།མིག་ཤེད་ཉམས་པའི་མི་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་བྱུང་ལུགས་བསམ་ཚུལ་ཤོད་མཁན་བྱུང་ལ། དྷ་ས་ཁུལ་དུ་གནས་སྡོད་སྐྱབས་བཅོལ་བོད་མི་དང་ས་གནས་རྒྱ་གར་གྱི་སྤྱི་ཚོགས་ནང་། རིན་མེད་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོ་ནི་དཀའ་ངལ་ཡོད་པའི་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་མངོན་བསལ་ཡིན།

ལོ་ལྟར་ཁྱོན་མི་གྲངས་ ༡༠༠ ཡས་མས་ཤིག་གི་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོ་སོགས་བྱེད་བཞིན་ཡོད་ལ། ལས་འཆར་འདི་ད་ལྟ་མུ་མཐུད་ནས་འགྲོ་བཞིན་པ་ཡིན།