བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Geden Choeling 2ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༡ ཉིན་ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་ ༡༧ པ་ལག་བསྟར་གྱིས་དྷ་སར་མེཀ་ལོར་ཡོད་པའི་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་རེད། ཆུ་ཚགས་འཕྲུལ་ཆས་འདིས་བཙུན་དགོན་འདིའི་ནང་བཙུན་མ་ ༡༧༥ དང་ལས་བྱེད་

༡༠ བཅས་གཙོས་ཁྱོན་མི་གྲངས་ ༡༨༥ ཙམ་གྱིས་འཐུང་ཆུ་གཙང་མར་ལོངས་སྤྱོད་བྱེད་རྒྱུ་བྱུང་ཡོད་པ་རེད།

ཆུ་ཚགས་འཕྲུལ་ཆས་འདི་ཡང་དེ་སྔོན་གྱི་ཆུ་ཚགས་འཕྲུལ་ཆས་དང་གཅིག་མཚུངས་ལྟར། རྒྱུ་སྤུས་ལེགས་ཤིང་ཆུ་ཚོད་རེར་ཆུ་ལི་ཊར་ ༡༠༠ གཙང་བཟོ་ཐུབ་ཀྱི་ཡོད་པ་དང་། ཆུ་ལི་ཊར་ ༥༠༠ ཡི་ཤོངས་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་བཅས་ཡོད་པ་རེད།
Geden Choeling 3ཆུ་ཚགས་འཕྲུལ་ཆས་འདི་འཛུགས་རྗེས་བཙུན་མ་རྣམས་ཀྱི་འཐུང་ཆུའི་དཀའ་ངལ་དང་། ཆུ་ཉོག་གི་ན་ཚའི་དཀའ་ངལ་སོགས་ལས་ཡོངས་སུ་གྲོལ་ནས་འཕྲོད་བསྟེན་སྔར་ལྷག་ཡར་རྒྱས་ཡོང་བའི་རེ་བ་ཡོད་ལ། ཆུ་ཚགས་འཕྲུལ་ཆས་འདིའི་འགྲོ་གྲོན་ཞལ་འདེབས་གནང་མཁན་བླ་མ་ལི་ནཱ་ཡེ་ཤེས་མཁས་སྟོབས་ (Lama Lena Yeshe Kaytup) མཆོག་ལ་བཙུན་མ་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
Geden Choeling 1བཙུན་དགོན་དགེ་ལྡན་ཆོས་གླིང་ནི་ཕྱི་ལོ་ ༡༩༧༣ ལོར་གསར་འཛུགས་བྱས་པ་ཞིག་དང་བཙན་བྱོལ་ནང་བཙུན་དགོན་རྙིང་ཤོས་ཤིག་རེད་འདུག
འདི་ལོ་སྟེ་ཕྱི་ལོ་ ༢༠༡༥ ལོ་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུ་བཞིན་པ་ལྟར་ང་ཚོས་གཞིས་ཆགས་དང་། བཙུན་དགོན། གྲྭ་ཚང་། སློབ་གྲྭ་བཅས་ཀྱི་ནང་ཁྱོན་ཆུ་ཚགས་འཕྲུལ་ཆས་ ༤ གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད།