འདི་ལོ་ཕྱི་ཟླ་༧པའི་ནང་ལྷ་དང་རིག་གཞུང་བརྗེ་རེས་བྱེད་མཁན་ཁག་ཅིག

Rustic Pathwaysཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་དང་རིག་གཞུང་བརྗེ་རེས་བྱེད་མཁན་ཚོ་ཁག་དྲུག་ཙམ་བྱུང་ཡོད་པའི་ནང་། རཱ་སི་ཊི་ཁི་པཱ་ཏི་ཝའེ་ Rustic Pathways ནས་ཚོ་ཁག་བཞི་དང་།

ལའེ་ཧྥུ་ཝོར་ཁེ་ LifeWorks ནས་ཚོ་ཁག་གཅིག གཞན་ཡང་ཨ་རིའི་ལོ་ཡོ་ལཱ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ Loyola University གི་སློབ་ཚོགས་ཤིག་དང་རིག་གཞུང་བརྗེ་རེས་བྱས་ཡོད།
རཱ་སི་ཊི་ཁི་པཱ་ཏི་ཝའེ་ Rustic Pathways ཡི་ཚོ་ཁག་རེ་རེར་ཁྱོན་སློབ་ཕྲུག་གྲངས་ ༡༢ ནས་ ༡༤ བར་ཡོད་པ་དང་། ཁོང་ཚོ་འདི་གའི་བོད་མིའི་རིག་གཞུང་ལྟེ་གནས་ཁག་ལ་བསྐོར་བསྐྱོད་ཀྱིས་ཉམས་ཞིབ་ཤེས་རྟོགས་བྱས་པ་མ་ཚད། ཉིན་ལྟར་ཆུ་ཚོད་ ༣ ཙམ་རིང་ལྷའི་སློབ་ཕྲུག་དང་ལྷན་དུ་ཕན་ཚུན་གོ་རྟོགས་སྤེལ་རེས་བྱས།
LifeWorksད་ཐེངས་ཀྱི་ལའེ་ཧྥུ་ཝོར་ཁེ་ LifeWorks ཡི་སློབ་ཕྲུག་ཚོ་ཁག་ནང་ཁྱོན་སློབ་ཕྲུག་ ༦ སླེབས་ཡོད་པ་དང་འདི་ནི་འདི་ལོའི་ཚོ་ཁག་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། ཁོང་ཚོ་ཡང་དྷ་ས་གཡས་གཡོན་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་རྒྱུས་ལོན་གང་ལེགས་བྱས་པས་མ་ཚད། ལྷའི་སློབ་ཕྲུག་དང་ལྷན་དུ་ཕན་ཚུན་སློབ་སྦྱོང་དང་བསམ་ཚུལ་སྤེལ་རེས་སོགས་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད་པ་རེད།
Loyolaདེ་རྗེས་ཨ་རིའི་ལོ་ཡོ་ལཱ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་ Loyola University གི་སློབ་ཕྲུག་ ༡༡ རིག་གཞུང་བརྗེ་རེས་ཆེད་དྷ་རམ་ས་ལར་འབྱོར་བ་དང་། ཁོང་ཚོ་ཡང་བོད་དང་བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་མིའི་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུན་ལོན་བྱས་པ་དང་དུས་མཚུངས་སུ་ལྷའི་སློབ་ཕྲུག་དང་ལྷན་དུ་ཕན་ཚུན་སློབ་སྦྱོང་དང་གོ་རྟོགས་སྤེལ་རེས་སོགས་བྱས་ཡོད་པ་རེད།