འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༢༡པ་ལག་བསྟར་བྱས།

Clean Water at  CTAཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༡ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་ ༢༡ པ་ལག་བསྟར་གྱིས་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་གངས་སྐྱིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསོལ་ཐབ་ཁང་དུ་ཆུ་ཚགས་འཕྲུལ་ཆས་རང་འགྲིགས་ཤིག་གསར་འཛུགས་བྱས་ཡོད་པ་རེད།

གསོལ་ཐབ་ཁང་དེར་ཞལ་ལག་མཆོད་མཁན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུའི་ལས་བྱེད་པ་གཙོས་པའི་ཁྱོན་མི་གྲངས་ ༣༠༠ ཙམ་ཡོད་པ་དང་། ཆུ་ཚགས་འཕྲུལ་ཆས་དེ་བཞིན་ཁོང་ཚོའི་འཕྲོད་བསྟེན་བདེ་ཐང་དང་སྲི་ཞུའི་ཕྱག་ལས་ལ་རྗེས་སུ་ཡི་རངས་མཚོན་བྱེད་དུ་གསར་འཛུགས་བྱས་པ་ཞིག་ཡིན།
Clean Water at  CTA 1གསོལ་ཐབ་ཁང་གི་སྟེང་ཁང་དུ་ཚ་གྲང་གཉིས་ལྡན་གྱི་ཆུ་ཚགས་འཕྲུལ་ཆས་ཆུང་བ་ཞིག་བཙུགས་ཡོད་པས་དེ་ནི་མཛད་གཙོ་རྣམ་པའི་ཆེད་ཡིན་པ་དང་། ཆུ་ཚགས་འཕྲུལ་ཆས་ཆེ་བ་དེ་འོག་གི་ལས་བྱེད་གསོལ་ཐབ་ཁང་ནང་ཡོད་ཅིང་། དེ་ཡང་ཚ་གྲང་གཉིས་ཀ་བཟོ་མཁན་གྱི་ཆུ་ཚགས་འཕྲུལ་ཞིག་ཡིན་ཞིང་ཤོངས་ཚད་ཆུ་ལི་ཊར་ ༩༠ ཡིན།
Clean Water at  CTA 2ཆུ་ཚགས་འཕྲུལ་ཆས་གསར་འཛུགས་རྗེས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འབྲེལ་ཡོད་ལས་བྱེད་ནས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་དང་། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་རྣམ་གཉིས་ལ་ངོ་སྤྲོད་དང་སྤྱན་འབུལ་ཞུས་ཡོད་པ་རེད།
ད་བར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཆུ་ཚགས་འཕྲུལ་ཆས་གྲངས་ ༢༡ ཙམ་གསར་འཛུགས་བྱས་པ་བརྒྱུད་ཁྱོན་མི་གྲངས་ ༡༠༩༥༠ ཙམ་གྱིས་འཐུང་ཆུ་གཙང་མར་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་དང་། ད་དུང་མུ་མཐུད་གསར་འཛུགས་བྱེད་འཆར་ཡོད་པ་རེད།