འཛམ་གླིང་གཙང་སྦྲ་ཉིན་མོ་སྲུང་བརྩི་བྱས།

Cleaning 1ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། དྷ་ས་ཁོར་ཡུག་ལས་ཁུངས། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས་འཛམ་གླིང་གཙང་སྦྲ་ཉིན་མོ་(World Massive Clean up Day)སྲུང་བརྩི་བྱས།

Cleaning 2ཞོགས་པ་ཆུ་ཚོད་ ༡༠ པར་ཐོག་མར་བོད་མི་དང་རྒྱ་གར། ཕྱི་གླིང་དང་བླངས་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་མེ་གྷན་རླངས་འཁོར་འབབ་ཚུགས་སུ་འདུ་འཛོམས་ཀྱིས་འཛམ་གླིང་གཙང་སྦྲ་ཉིན་མོར་གསལ་བསྒྲགས་དང་། ཁོར་ཡུག་གཙང་ཉར། གཞན་ཡང་གད་སྙིགས་གང་བྱུང་དུ་དབྱུག་མི་རུང་བའི་འབོད་སྐལ་གསལ་བསྒྲགས་བྱས་པས་མ་ཚད། བོད་ཡིག་དང་། ཨིན་ཡིག ཧིན་དྷི་བཅས་ནང་བྲིས་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཡིག་ཆ་གྲངས་ ༡༠༠ ལྷག་འགྲེམས་སྤེལ་བྱས།
Cleaning 4དེ་རྗེས་ཁོར་ཡུག་གཙང་བཟོ་བ་རྣམས་ཀྱིས་ལག་ཏུ་ཁོར་ཡུག་སྲུང་སྐྱོབ་དགོས་པའི་འབོད་ཚིག་སྣ་ཚོགས་བཟུང་ནས་མི་མང་གི་དོ་སྣང་དང་གོ་རྟོགས་སླེབས་ཆེད་མེ་གྷན་ཁྲོམ་གཞུང་སྐོར་བ་ཞིག་བརྒྱབ།
དེ་རྗེས་གཙང་བཟོ་བ་ཚང་མ་དྷ་ས་སྦག་སུ་ལམ་དང་སྦག་སུ་གཤོང་ནང་ཕྱིན་ནས་རས་དང་། འགྱིག་ཤོག ཤེལ་དམ་སོགས་ཁྱོན་གད་སྙིགས་དོ་པོ་ ༢༠ ཙམ་བསྡུ་རུབ་བྱས་ཡོད་པ་རེད།