སྙིང་རྗེ་ལག་ལེན་དུ་བསྟར་བ།

COMPASSION IN ACTION 1ཝི་ཏི་ནམ་མི་རིགས་ཡིན་པ་ཁེ་ན་ཌར་གནས་སྡོད་སྨན་པ་ཌོང་གྷོ་ཊི་རན་ (Dr Dong Giao Tran) ལགས་དང་། ཁོང་གི་སྐུ་ཟླ་སན་ཧ་ཧེ་ནུ་ཡན་(Sanh Hy Nyuyen)ལགས།

དེ་བཞིན་ཨ་རིར་གནས་སྡོད་ཁོང་གཉིས་ཀྱི་གྲོགས་མོ་བཙུན་མ་ཨུ་ཡན་ཊི་རན་ཧ་(Uyen Trinh)བཅས་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་དྷ་རམ་ས་ལའི་བཙན་བྱོལ་བོད་མི་སྐྱབས་བཅོལ་བ་རྣམས་ལ་རིན་མེད་སྨན་བཅོས་ཀྱི་ཞབས་ཞུ་རྒྱ་ཆེ་བསྒྲུབས་སོང་།

COMPASSION IN ACTION 2ཁོང་གསུམ་པོས་བདུན་ཕྲག་གཉིས་ཙམ་གྱི་རིང་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་གྲངས་ ༥༠ དང་། གཞན་བོད་མི་ ༣༠ ཙམ་བཅས་ཁྱོན་མིག་གྲངས་ ༨༠ ཙམ་ལ་རིན་མེད་སྨན་བཅོས་བྱས་ཡོད།

སྨན་པ་ཌོང་གྷོ་ཊི་རན་ལགས་དང་ཁོང་གི་གྲོགས་མོ་ནས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་ཚང་མར་ལྕགས་ཀྱི་ཚ་དམ་རེ་དང་། རྒས་གསོ་ཁང་གི་ཉལ་ཁང་ཚང་མའི་སྒོ་ཡོལ་དང་སྒེའུ་རས་རེ་ཞལ་འདེབས་གནང་ཡོད་པས་མ་ཚད། རྒས་འཁོགས་ལས་བྱེད་དང་བཅས་པར་ལག་དངུལ་ཧིན་སྒོར་ ༥༠༠ རེར་ཞལ་འདེབས་གནང་ཡོད་པ་རེད།

COMPASSION IN ACTION 3ད་དུང་ཁོང་ཚོས་ལྷའི་སྤྱི་ཐབ་ལ་བདུན་ཕྲག་གཉིས་རིང་སྦྱིན་བདག་གནང་ཡོད་པས་མ་ཚད། དགོས་མཁོ་ཅན་ཞིག་ལ་སྐབས་རྗེས་མའི་ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ལག་བསྟར་ཆེད། ཝི་ཊི་ནམ་མི་གྲོགས་པོ་ཚོས་ཆུ་ཚགས་འཕྲུལ་ཆས་ཤིག་སྦྱིན་བདག་གནང་རྒྱུ་ཡིན་ལུགས་གསུངས་བྱུང་།

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྐྱབས་བཅོལ་བོད་མི་རྣམས་ཀྱི་ཚབ་ཞུས་ནས་ཁོང་རྣམ་པའི་བླ་མེད་ཀྱི་སེམས་བཟང་ཞབས་ཞུ་ལ་སྙིང་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།