སྦིར་གཞིས་ཆགས་སུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Bir Tibetan Society 1ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་སྦིར་གཞིས་ཆགས་སུ་འཐུང་ཆུ་གཙང་བཟོ་ཆེད་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་དང་། ཐེངས་འདི་ནི་ངེད་ཚོགས་པས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༤ པ་དེ་ཆགས་ཡོད་པ་རེད།

Bir Tibetan Society 5སྦིར་གཞིས་ཆགས་ནི་ཕྱི་ལོ་ ༡༩༦༠ ལོར་གསར་འཛུགས་བྱས་པ་ཞིག་དང་། ཐེངས་འདིར་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེས་ཐེམ་དུད་ ༡༦༠ ཙམ་ཡོད་པའི་སྦིར་བོད་མིའི་གཞིས་ཆགས་ (Bir Tibetan Society) ཀྱི་མི་གྲངས་ ༦༠༠ ཙམ་དང་། དཔལ་ཡུལ་བཤད་སྒྲའི་དགེ་འདུན་པ། སཾ་བྷོ་ཊ་སྦིར་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག ཟ་ཁང་དང་ཚོང་ཁང་བདག་པོ། (Deer Park)ཤ་བ་གླིང་ཁར་བལྟ་སྐོར་ཡོང་མཁན་འགྲུལ་པ་བཅས་ཁྱོན་མི་གྲངས་ ༡༢༠༠ ཙམ་ལ་ཕན་ཐོགས་ཆགས་སྲིད་སྐོར་སྦིར་ས་གནས་འགོ་འཛིན་མཆོག་ནས་འགྲེལ་བརྗོད་གནང་བྱུང་།

Bir Tibetan Society 6ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཕྲོད་བསྟེན་དང་དམིགས་བསལ་འཐུང་ཆུ་གཙང་མའི་ལས་འཆར་འོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག གཞིས་ཆགས་ཁག་ཙམ་མ་ཟད་ས་གནས་རྒྱ་གར་གྱི་སློབ་གྲྭ་ཁག་ཅིག་ལའང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱས་པས། ད་བར་ཆུ་ཚུགས་འཕྲུལ་ཆས་དེ་དག་གིས་ཁྱོན་མི་གྲངས་ ༡༣༧༥༣ ཙམ་གྱི་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།

Bir Tibetan Society 9ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་སྦིར་གཞིས་ཆགས་དང་དེ་ཁུལ་འགྲིམ་འགྲུལ་དང་གནས་སྡོད་བྱེད་མཁན་ཡོངས་ཀྱི་ཚབ་ཞུས་ནས་འཕྲུལ་ཆས་འདིའི་སྦྱིན་བདག་གཙོ་བོ་ཨ་རི་དང་ཁེ་ན་ཌ་གནས་སྡོད་ཝི་ཏི་ནམ་གྱི་སེམས་བཟང་གཏོང་ཕོད་ཅན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

ཕྱི་ལོ་ ༢༠༡༤ ལོར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ས་གནས་རྒྱ་གར་གྱི་སྤྱི་ཚོགས་གཉིས་ནང་ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༧ གསར་འཛུགས་བྱས་ཡོད་པ་རེད།

ཐེངས་ {hits}170{/hits} བཀླགས་འདུག