འཛམ་གླིང་སྒྲུང་གཏམ་ཉིན་མོ་སྲུང་བརྩི་བྱས།

World Story Tellingday 5ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༩ ཉིན་ཨ་རི་བོད་ཀྱི་ཐེབས་རྩ་དང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་། དེ་བཞིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཕ་མའི་ཚོགས་ཆུང་བཅས་མཉམ་འབྲེལ་གྱིས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་<<འཛམ་གླིང་སྒྲུང་གཏམ་ཉིན་མོ་>>ཐེངས་དང་པོ་དེ་སྲུང་བརྩི་བྱས།

World Story Tellingday 1འཛམ་གླིང་སྒྲུང་གཏམ་ཉིན་མོ་སྲུང་བརྩི་འདིའི་ཐོག་དཔེ་སྟོན་སློབ་གྲྭའི་སློབ་མ་གཙོ་བོར་གྱུར་པའི་དྷ་ས་དང་གངས་སྐྱིད་ཁུལ་དུ་གནས་སྡོད་བྱེད་མཁན་ཕྲུ་གུ་དང་ཕ་མ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་མཉམ་ཞུགས་བྱས་འདུག
World Story Tellingday 2སྐབས་དེར་སྒྲུང་གཏམ་བཤད་པ་དང་གཏམ་བརྗོད་གློག་བརྙན་གཟིགས་འབུལ་སོགས་སྒྲུང་གཏམ་གྱི་ཁྱད་ཆོས་དང་གལ་གནད་སྐོར་གཏམ་བཤད་འགྲེལ་བརྗོད་དང་། དེ་བཞིན་བོད་ཨིན་གཉིས་ནང་ཡོད་པའི་བྱིས་སྒྲུང་དེབ་ལྔ་བརྒྱ་ཙམ་རིན་མེད་འགྲེམས་སྤེལ་བྱས་ཡོད་པ་རེད།
World Story Tellingday 3སྒྲུང་གཏམ་ཉིན་མོ་སྲུང་བརྩི་དང་འབྲེལ། བྱེད་སྒོ་འདི་འདྲ་ཞིག་གོ་སྒྲིག་བྱེད་དགོས་དོན་ནི། བོད་པའི་སྤྱི་ཚོགས་ནང་བོད་པའི་ཕ་མ་རྣམས་ལ་སྒྲུང་གཏམ་གྱི་ལམ་ནས་སོ་སོའི་ཕྲུ་གུའི་བསམ་བློ་ཡར་རྒྱས་གཏོང་ཐབས་བྱེད་དགོས་པའི་སྐུལ་འདེད་དང་དམིགས་ཡུལ་བཟུང་ཡོད།
World Story Tellingday 4སྤྱི་འཛམ་གླིང་སྒྲུང་གཏམ་ཉིན་མོ་ནི་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་འཁེལ་གྱི་ཡོད་ཀྱང་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་དངོས་གཞིའི་འོས་བསྡུ་དང་སྟབས་འཁེལ་ཡོད་སྟབས་ཉིན་གཅིག་སྔ་སྣུར་བྱས་པ་ཞིག་རེད།

ཁྱོན་ {hits}175{/hits} བཀླགས་འདུག