ལྷའི་འགན་འཛིན་བྱང་ཨ་རིར་ཕྱོགས་བསྐྱོད་བྱས་པ།

Visited of lhas Director 1ཕྱི་ལོ་ ༢༠༡༦་ཟླ་ ༤ ཚེས་ ༢༨ ཉིན། ཉེ་ཆར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་དུས་ཡུན་ཟླ་བ་གཅིག་ཙམ་གྱི་རིང་ཨ་རི་དང་མེག་སི་ཁོ་ཁུལ་དུ་ཆེད་བསྐྱོད་ཀྱིས་དེ་སྔོན་ནས་འདི་གའི་ཚོགས་པ་དང་འབྲེལ་བ་ཆེན་པོ་ཡོད་པའི་ཚོགས་པ་འདྲ་མིན་དང་།

གཙུག་ལག་སློབ་གཉེར་ཁང་། མི་སྒེར་པ་མང་པོ་ཞིག་ལ་ཆེད་བཅར་ཐུག་འཕྲད་ཀྱིས་ལག་རྟགས་ཕུལ་ནས་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་དང་། རོགས་རམ། མཉམ་ལས་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པས་མ་ཚད། འདས་པའི་མཉམ་ལས་ལས་དོན་ལ་བསྐྱར་ཞིབ་དང་མ་འོངས་པར་ལས་འཆར་གསར་པ་མཉམ་ལས་བྱེད་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོ་གནང་ཐུབ་ཡོད་པ་རེད།

Visited of lhas Director 2དེ་བཞིན་ཚོགས་པ་གཞན་མང་པོར་ཆེད་བཅར་དང་གནད་ཡོད་མི་སྣ་མང་པོར་ཐུག་འཕྲད་ཀྱིས་འབྲེལ་ལམ་གསར་འཛུགས་ཐུབ་པ་བྱུང་བ་དང་། ཚོགས་སྡེ་མང་པོས་འགན་འཛིན་ངག་དབང་རབ་རྒྱས་ལགས་ལ་མགྲོན་འབོད་སྣེ་ལེན་གནང་བ་དང་། སྐབས་དེར་ཁོང་གི་ད་ལྟའི་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་ལྷན་དུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ཚོགས་པའི་ལས་དོན་ངོ་སྤྲོད། ཚོགས་པའི་ངོ་སྤྲོད་ཡིག་ཆ་ཁག་དང་འབྲེལ་གཏུགས་དུས་དེབ་བཅས་འགྲེམས་སྤེལ་བྱེད་པའི་གོ་སྐབས་གང་ལེགས་བྱུང་འདུག

Visited of lhas Director 3ད་ཐེངས་ཁོང་གི་སྐོར་བསྐྱོད་སྐབས། ལྷ་དང་ལྷན་དུ་རིག་གཞུང་བརྗེ་རེས་གནང་མཁན་གྱི་འགོ་ཁྲིད་དང་། འབྲེལ་ཡོད་ལས་བྱེད། དེ་བཞིན་རྒྱ་གར་ལ་རིག་གཞུང་བརྗེ་རེས་ཆེད་ཡོང་མྱོངས་བའི་སློབ་ཕྲུག་ཁག་ཅིག་བཅས་དང་ཐུག་འཕྲད་བྱས་སྟབས། ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་འདི་ནི་ཕྱི་རྒྱལ་གྱི་གཞོན་སྐྱེས་མང་པོར་བོད་མིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་དང་། ཁོང་ཚོར་ཉམས་མྱོང་མ་འདྲ་བ་དང་བསམ་བློ་གཏོང་སྟངས་ཚུན་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པ་ངེས་ཤེས་རྙེད་འདུག

Visited of lhas Director 4ཁོང་ཉིད་ཐོག་མར་ཨ་རིར་འབྱོར་སྐབས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཝར་ཝེ་ཁེ་ཝ་ལའེ་རོ་ཊ་རེར་ཚོགས་པ་(Warwick Valley Rotary club)ནང་ངོ་སྤྲོད་གཏམ་བཤད་བྱས་པ་དང་། དེ་དང་ཆབས་ཅིག་ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་བོད་ཀྱི་ཐེབས་རྩ་(Tibet Fund)ཆེད་བཅར་གྱིས་དེ་སྔོན་ཚོགས་པའི་ལས་འཆར་ཁག་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་སྔོན་བོད་ཀྱི་ཐེབས་རྩ་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་དབར་ལས་འཆར་མང་པོ་ཞིག་མཉམ་ལས་བྱས་ནས་གྲུབ་འབྲས་མི་དམན་པ་ཐོན་སྟབས། མ་འོངས་ལས་འཆར་ཁག་ཅིག་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་སྐོར་གྲོས་བསྡུར་བྱས།

Visited of lhas Director 5ལུ་ཛི་ཡ་ནཱ་ཡོད་སྐབས་ལྷའི་ཡན་ལག་ཚོགས་པ་ལུ་ཛི་ནཱ་ཧི་མ་ལ་ཡ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་མིག་གི་ལས་འཆར་ཆེད་རོགས་དངུལ་འདུ་འགོད་ཚུན་པའི་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་ཞིག་སྤེལ་བ་དང་། བྱེད་སྒོ་དེར་སྒོམ་དང་། ལུས་སྦྱོང་། ནང་ཆོས་ངོ་སྤྲོད། རོལ་དབྱངས་འདུ་འཛོམས། ཞལ་ལག་སོགས་གོ་སྒྲིག་བྱས་ཡོད་པ་རེད།

Visited of lhas Director 6ཨ་རིའི་ལུ་ཛི་ཡ་ནཱ་མངའ་སྡེའི་ནང་ཡོད་པའི་ཐུན་ལན་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་ཞབས་ཞུ་སློབ་གླིང་དུ་འགན་འཛིན་ངག་དབང་རབ་རྒྱས་ལགས་དང་། ལྷའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་འབྲུག་བསྟན་སྐྱིད་ལགས་གཉིས་ཀྱི་ལྷ་དང་། སློབ་གླིང་དེ་གཉིས་དབར་མཉམ་ལས་གྲུབ་འབྲས་ལ་དགའ་བསུའི་མཛད་སྒོར་ཞུགས་པ་དང་། ཁོང་གཉིས་ཀྱིས་འདས་པའི་དུས་ཡུན་ལོ་ངོ་ ༡༧ ཙམ་གྱི་རིང་ཐུན་ལན་སློབ་གྲྭས་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པར་ལྷག་བསམ་ཟོལ་མེད་ཀྱིས་རོགས་རམ་དང་མཉམ་ལས་གནང་བར་སེམས་ཚོར་དང་བཅས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། དེ་རྗེས་མེག་སི་ཁོར་བསྐྱོད་རྗེས་འགན་འཛིན་ངག་དབང་རབ་རྒྱས་ལགས་མེག་སི་ཁོ་གཙུག་ལག་སློབ་གཉེར་ཁང་དང་། མེག་སི་ཁོའི་ནང་སྒེར་གྱི་ཤེས་ཡོན་ལྟེ་གནས་ཆེ་ཤོས་དང་ཡག་ཤོས་ Tec de Monterrey (ITESM) ཞེས་པའི་སློབ་གླིང་ཞིག་གི་ནང་ཕྱིན་ཏེ་དང་གཏམ་བཤད་བྱས།

Visited of lhas Director 7སློབ་གླིང་དེར་ཁོང་གིས་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་དང་། དམིགས་བསལ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་སྐོར་གྲོས་བསྡུར་བྱས། འགན་འཛིན་ངག་དབང་རབ་རྒྱས་ལགས་ཀྱིས་"ད་ཐེངས་སློབ་གླིང་གི་འགན་འཛིན་དང་། སློབ་དཔོན་ཆེན་མོ། དགེ་རྒན། སློབ་ཕྲུག་བཅས་ཐུག་དུས་ཧ་ཅང་སེམས་ལ་འཇུག་པོ་དང་སེམས་འགུལ་ཆེན་པོ་ཐེབས་སོང་ལ། ཁོང་ཚོ་ནི་བོད་དང་བོད་མིའི་རིག་གཞུང་ལ་དོན་སྣང་ཧ་ཅང་ཆེན་པོ་འདུག་"ཅེས་འགྲེལ་བརྗོད་དང་།
"ད་དུང་དེ་ལས་གལ་ཆེ་བ་ཞིག་ནི་དེ་སྔོན་ལྷ་དང་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ནང་ཞུགས་གནང་མྱོང་མཁན་གྲོགས་པོ་རྙིང་པ་དང་། སློབ་ཕྲུག་དེ་དག་དང་ཐུག་དུས་ཁོང་ཚོར་རིག་གཞུང་བརྗེ་རེས་ཀྱི་ཉམས་མྱོང་ལས་ཕན་ཐོགས་ཆེན་པོ་ཆགས་ཡོད་པ་ཤེས་རྟོགས་བྱུང་"ཞེས་འགྲེལ་བརྗོད་གནང་།

Visited of lhas Director 8དེ་བཞིན་མེག་སི་ཁོ་བོད་ཁང་གི་འགན་འཛིན་དང་ཐུག་འཕྲད་ཀྱིས་མ་འོངས་པར་ཚོགས་པ་གཉིས་དབར་མཉམ་ལས་བྱེད་ཕྱོགས་སྐོར་གྲོས་བསྡུར་སོགས་བྱས་ཤིང་། མེག་སི་ཁོ་བོད་ཁང་ནི་བོད་པའི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བོད་མིའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་སོགས་གང་ལེགས་གནང་མཁན་ཚོགས་པ་ཞིག་དང་།
ཁོང་ཚོའི་ཡན་ལག་མེག་སི་ཁོ་དང་ལཱ་ཐིན་ཨ་མེ་རི་ཁའི་ནང་ཡོད་འདུག་པ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚོགས་སྡེ་ཁག་དང་ལས་ཀའི་འབྲེལ་བ་ཆེན་པོ་ཡོད་འདུག

Visited of lhas Director 9ཕྱིར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འབྱོར་རྗེས། བོད་པའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་ཤོས་གཉིས་ཏེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་ཀུན་གླེང་གསར་འགྱུར་ལས་ཁུངས་གཉིས་ཀྱིས་བཅར་འདྲི་བྱས། དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་རིང་ཁོང་གིས་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་དོན་ཞིབ་ཕྲ་ངོ་སྤྲོད་དང་། ཨ་རི་དང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཚོགས་པར་རྒྱབ་སྐྱོར་གནང་མཁན་དང་མཉམ་ལས་གནང་མཁན་བཅས་ལ་ཐུགས་རྗེ་ཆེ་བཅས་ཞུས།
བཅར་འདྲི་གཉིས་ཀ་བོད་ནང་གི་བོད་མི་དང་བཙན་བྱོལ་བོད་མི་སྟོང་ཕྲག་མང་པོས་གསན་གཟིགས་ཐུབ་པ་བྱུང་ཡོད་པ་དང་། དེ་བཞིན་སྐབས་དེར་ཨ་རིའི་ཕོ་བྲང་དཀར་པོ་དང་འཛམ་གླིང་དངུལ་ཁང་སོགས་སུའང་བསྐོར་སྐྱོད་བྱ་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད།

སུ་དང་སུ་ཐུག་འཕྲད་གནང་བ།

Visited of lhas Director 10ནེའུ་ཡོག་ཏུ་ཝར་ཝེ་ཁེ་ཝ་ལའེ་རོ་ཊ་རེར་ཚོགས་པའི་ཚོགས་གཙོ་དང་། ནེལ་སིན་ཁེ་ལཱར་(Neil Sinclair) དང་ཇོན་མེ་ཁའོ་ཁེ་(John Mickowski) གཞན་ཡང་ས་གནས་ཀྱི་གནད་ཡོད་མི་སྣ་ལྔ་བཅུ་ལྷག་དང་ཐུག་འཕྲད་བྱས། ནེའུ་ཡོག་དང་བོད་ཀྱི་ཐེབས་རྩ་ཁང་དུ་ཐེབས་རྩའི་ཚོགས་གཙོ་རིན་ཆེན་དར་ལོ་ལགས་དང་། འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། སྔོན་མ་ལྷའི་དང་བླངས་བ། དེར་སྡོད་བོད་མི་སོགས་དང་ཐུག་འཕྲད་བྱས།
ལུ་ཛི་ཡ་ནཱ་རུ་ཐུ་ལན་སྤྱི་ཚོགས་ཞབས་ཞུའི་སློབ་གླིང་དུ་སློབ་གླིང་གི་འཛིན་སྐྱོང་ལས་སྣེ་བ་མཁས་དབང་རོ་ནཱ་ཌི་མར་ཁི་(Dr Ronald Mark)དང་། འཛིན་སྐྱོང་ལས་སྣེ་བ་གཞོན་པ་མཁས་དབང་ཇུ་ལན་ནཱ་(Dr Julianna Padgett) མཁས་དབང་ཨེ་ལའེ་ནི་(Dr Elaine Wright)བཅས་དང་། སློབ་དཔོན་ངག་དབང་ལེགས་བཤད། Visited of lhas Director 11ལུ་ཛི་ནཱ་ཧི་མ་ལ་ཡའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ནིལ་(Neil Guidry)དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། དེ་བཞིན་རྒྱ་གར་གྱི་ལས་རིམ་སྤྱི་ཚོགས་ཞབས་ཞུ་དགེ་རྒན་(MSW India Program)སྐུ་ཞས་མེ་ཁལ་(Michael Smith)ལགས་དང་དེར་ཡོད་གྲོགས་པོ་དང་རྒྱབ་སྐྱོར་བ། ལྷའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་འབྲུག་བསྟན་སྐྱིད་ལགས་བཅས་དང་ཐུག་འཕྲད་བྱས།
མེག་སི་ཀོར་འགྲོ་མི་གནད་དོན་བཟོ་ལས་ཀྱི་དོ་དམ་འགན་འཛིན་ཨིན་མར་ཧྥེ་རའེ་(Ingmar Frey) དང་། བོད་ཁང་དང་མེག་སི་ཁོའི་ཨེ་བྷེ་རོ་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་སྐུ་ཞབས་མཱ་ཁོ་ཨན་ཏོ་ནོའེ་ཀཱ་རམ་(Mr Marco Antonio Karam)དང་། མེག་སི་ཀོ་གྲོང་ཁྱེར་གྱི་གཙུག་ལག་སློབ་གཉེར་ཁང་གི་མཉམ་ལས་འགན་འཛིན་ལྕམ་སོ་ནཱ་ཨེ་ལཱ་ཛར་བྷི་ཐི་(Sonia Elizarbeth)སོགས་དང་མཇལ་འཕྲད་བྱས།
Visited of lhas Director 13མེག་སི་ཁོའི་ནང་སྒེར་གྱི་ཤེས་ཡོན་ལྟེ་གནས་(ITESM) ཞེས་པའི་ལག་རྩལ་སློབ་གླིང་དེའི་འགན་འཛིན་མཁས་དབང་ཅན་དྷར་བྷུ་ཤན་(Dr Chandra Bushan)དང་། སྤྱི་ཚོགས་ཡར་རྒྱས་ཀྱི་འགན་འཛིན་ལྕམ་ནཱའེ་ཌལ་ཨར་དྷི་ལཱ་(Ms Naidel Ardila)། རྒྱལ་སྤྱིའི་ཆེད་ལས་ཁ་ཕྱོགས་འབྲེལ་མཐུད་ཡིག་ཚང་གི་ལྕམ་(Ms Babriela Parada)བྷ་བྷིར་ལཱ་པཱ་རཱ་དྷ་ལགས་དང་། རྒྱལ་སྤྱིའི་ལས་རིམ་གྱི་འབྲེལ་མཐུད་པ་ལྕམ་མཱ་རའེ་ཊེ་རེ་སཱ་(Ms Maria Teresa)། ནའེ་ཌལ་ཨར་དྷི་ལཱ་(Naidel Ardila)། སེལ་ཝན་ཇེ་ཁུ་(Sylvain Jacques)དང་གཞན་གྲོགས་པོ་རྣམས་ཀྱིས་གོ་སྒྲིག་འོག་བསྐོར་བསྐྱོད་དོན་དང་ལྡན་པ་བྱུང་ཡོད།

Visited of lhas Director 12ཝ་ཤིན་ཊོན་དུ་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོ་ལགས་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལས་རོགས་བསྟན་ཆོས་རྒྱ་མཚོ་ལགས། འཛམ་གླིང་དངུལ་ཁང་གི་གོ་ལའི་ལས་དོན་གནས་ཚུལ་དང་འབྲེལ་ལམ་དང་འབྲེལ་བའི་ཡིག་ཆ་རྟོགས་ཞིབ་ལས་འགུལ་གསར་འཛུགས་གནང་མཁན་གྲས་དང་སློབ་སྟོན་པ་ལྕམ་ལུའུ་རཱ་མན་ལེ་(Laura Manley)རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཚོགས་པའི་ནང་ཕྱག་ལས་གནང་མཁན་བསྟན་འཛིན་དཔའ་སྐྱིད་ལགས།
ཨ་རིའི་བོད་སྐད་ཀུན་གླེང་གི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་དང་། ཀུན་གླེང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས། ལས་བྱེད་གཞན། ངེད་ཚོགས་པར་སེམས་ཤུགས་ཆེ་ཤོས་ཅན་ལྷའི་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་རེ་ནཱ་ཊི་སེ་ཝར་ཊི་(Ms Renate Seiwert)གཞན་ཡང་སྔོན་མ་ལྷའི་དང་བླང་བ་ཁག་ཅིག་དང་ཐུག་འཕྲད་བྱས་ཡོད་པ་རེད།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ངོས་ནས་ལྷའི་འགན་འཛིན་ངག་དབང་རབ་རྒྱས་ལགས་བྱང་ཨ་རི་ཁུལ་དུ་བསྐོར་སྐྱོད་སྐབས་སྣེ་ལེན་དང་རྒྱབ་སྐྱོར། རྩ་ཆེ་བའི་དུས་ཚོད་བཏང་ནས་ལས་དོན་ལ་མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དེ་དག་ལ་བརྟེན་ནས་ད་ཐེངས་ཀྱི་སྐོར་བསྐྱོད་འདི་ལྟར་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་པ་རེད།

ཐེངས། {hits}178{/hits} བཀླགས་འདུག