ལྷའི་ཚོགས་ཁང་གསར་པ་དབུ་འབྱེད་གནང་བ།

Lhas New Hall 1ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༦ ཉིན་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷའི་ཞི་བའི་ཚལ་གྱི་ཚོགས་ཁང་གསར་པ་དབུ་འབྱེད་དང་རབ་གནས་གནང་ཡོད་པ་རེད།

Lhas New Hall 2དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཤམ་འོག་ཏུ་ཡོད་པའི་ལྷའི་ཞིའི་ཚལ་དུ་ཚོགས་ཁང་གསར་པ་ཞིག་ཡོངས་སུ་གསར་རྒྱག་ལེགས་གྲུབ་བྱུང་རྗེས་གོང་ཚེས་ཉིན་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྐུ་མགྲོན་གཙོ་བོ་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ཚོགས་ཁང་གསར་པ་སྒོ་འབྱེད་དར་མཚོན་བཀྲོལ་ནས་ཚོགས་ཁང་གསར་པར་རབ་གནས་ཐུགས་སྨོན་དང་མར་མེ་ཞལ་ཁ་ཕྱེས།
Lhas New Hall 3གཞན་ཡང་ཚོགས་ཁང་གསར་པ་རྟེན་འབྲེལ་སྒོ་འབྱེད་མཛད་སྒོར་ལྷའི་དང་བླངས་བ་དང་ལྷའི་འགན་འཛིན་རྣམ་གཉིས་ཀྱིས་གཙོས་པའི་ལས་བྱེད་རྣམས་ཀྱིས་སྟོན་པའི་སྐུ་བརྙན་དང་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཇལ་དར་བཅས་ཕུལ་གྲུབ་རྗེས་བོད་ལུགས་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་དང་འབྲས་སིལ་འདེབས་འབུལ་བཅས་ཞུས་ཡོད་པ་རེད།

ཐེངས་ {hits}180{/hits} བཀླགས་འདུག