ཆུ་ཚགས་འཕྲུལ་ཆས་ཐེངས་ཉེར་དྲུག་པ་དེ་སྤི་ཏིའི་སློབ་མིའི་སྡོད་ཁང་དུ་གསར་འཛུགས་བྱས་པ།

27500175 1552276408159951 8623178247744941031 oལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཆུ་ཚགས་འཕྲུལ་ཆས་ཆུ་གསོག་སྣོད་དང་བཅས་པ་ཞིག་ཚོགས་པའི་འཐུང་ཆུ་གཙང་བཟོའི་ལས་འཆར་འོག་དྷ་ས་སི་དྷི་ཕུར་དུ་ཡོད་པའི་སྤི་ཏིའི་སློབ་མིའི་སྡོད་ཁང་དུ་གསར་འཛུགས་བྱས་པ་རེད། སློབ་མའི་སྡོད་ཁང་འདི་ནས་ལ་དྭགས་དང་། སྤི་ཏི་ཐེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་མཐོ་སློབ་ཏུ་སྐྱོད་པར་དྷ་སར་ཡོང་མཁན་རྣམས་ལ་སྡོད་གནས་སྤྲོད་ཀྱི་ཡོད།

འདིར་སྡོད་མཁན་ ༢༥༠ ཙམ་ཡོད་པ་རྣམས་ཀྱིས་ད་ལྟའི་བར་འཐུང་ཆུ་གཙང་མའམ་བདེ་ཐང་གི་ཆུ་ལོངས་སུ་སྤྱོད་པའི་མཐུན་རྐྱེན་བྱུང་མེད་ཅིང་། སློབ་གྲྭ་དེའི་ངོས་ནས་དྷ་སའི་ (Rotary Club) ལ་ངོས་བཅར་གྱིས་ཆུ་ཚགས་འཕྲུལ་ཆས་ཀྱི་མཐུན་རྐྱེན་སྦྱར་རྒྱུར་འབོད་སྐུལ་བྱས་དོན་ལྟར། ཨོ་སི་ཋྲི་ལི་ཡའི་བོད་ཀྱི་ལས་ཁུངས་༢༠༡༧ (The Australia Tibet Council Group 2017) གྱིས་གཏོང་ཕོད་ཆེན་པོའི་ངང་སྦྱིན་བདག་གནང་སྟེ་ཕྱི་ཟླ་ ༠༢ ཚེས་ ༠༥ ཉིན་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱས་པ་རེད། འཐུང་ཆུ་གཙང་མའི་ལས་འཆར་འདིའི་དམིགས་ཡུལ་ནི་ཆུ་གཙང་མ་མཁོ་སྤྲོད་ཀྱིས་སློབ་མ་རྣམས་ལ་ཆུ་བཙོག་པ་ལས་བྱུང་བའི་ན་ཚའི་རིགས་ཉུང་དུ་བཏང་ནས་འཕྲོད་བསྟེན་ཡར་རྒྱས་ཡོང་ཐབས་བྱ་རྒྱུ་དེ་རེད། ཆུ་ཚགས་འཕྲུལ་ཆས་འདི་ནི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༦ པ་དང་། རྒྱ་གར་གྱི་ས་གནས་སློབ་གྲྭར་བཙུགས་པ་ཐེངས་གསུམ་པ་དེ་རེད། ཆུ་ཚགས་འཕྲུལ་ཆས་གསར་པ་དེའི་དབུ་འབྱེད་སྐབས་རཱོ་ཋི་རེའེ་གཙོ་འཛིན་རྫོ་ནལ་ (Zonal) ལགས་དང་། སྐྱིད་སྡུག་དེའི་ཚོགས་མི་གཞན་རྣམས་པ། དེ་བཞིན་སྤི་ཏི་སློབ་གྲྭའི་སློབ་སྤྱི་སོགས་ཀྱང་ཕེབས་གནང་འདུག

27628949 1552253481495577 6789257175939340084 oལྷས་ཆུ་ཚོས་རེར་ཆུ་གཙང་མ་ལི་ཊར་ ༡༠༠ མཁོ་འདོན་བྱེད་ཏུབ་པའི་འཕྲུལ་ཆས་ (Reverse Osmosis) ཞེས་པ་བེད་སྤྱོད་ཀྱི་ཡོད་ཅིང་། དེ་དང་ལྷན་དུ་ངལ་ལྕགས་ལས་གྲུབ་ཅིང་ཆུ་ལི་ཊར་ ༥༠༠ ཤོང་བའི་ཆུ་གསོག་སྣོད་ཀྱང་ཡོད་པ་དེས་གློག་མེད་པའམ། ཆུ་ཉུང་བ། ཡང་ན་གནས་སྟངས་གཞན་གྱི་དཀའ་ངར་ཡོད་སྐབས་སོགས་སུ་ཆུ་གཙང་མ་མཁོ་འདོན་བྱེད་ཀྱི་ཡོད།

ལྷའི་འཐུང་ཆུ་གཙང་མའི་ལས་འཆར་འདི་ནི་ཕྱི་ལོ་ ༢༠༡༠ ལོར་འགོ་འཛུགས་བྱས་པ་དང་། དེ་ནས་བཟུང་སྟེ་རྒྱ་གར་གྱི་བྱང་ཕྱོགས་ཁུལ་གྱི་ས་གནས་མི་འདྲ་བ་དུ་མར་ཆུ་ཚགས་འཕྲུལ་ཆས་ ༢༦ ཙམ་གསར་འཛུགས་བྱས་པ་དེ་དག་རྒན་གསོ་ཁང་དང་། དགོན་པ། བཙུན་དགོན། སློབ་གྲྭ། མི་མང་གི་ནང་། མི་མང་འདུས་སྡོད་ཆེ་བའི་ས་གནས་སོགས་སུ་ཡིན་ཞིང་། ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༥ པ་དེ་ཧི་མ་ཅལ་མངའ་སྡེའི་ནང་དུ་ཡོད་པའི་ཀུམ་རའོ་རྒ་པ་བོད་མིའི་གཞིས་ཆགས་སུ་བྱས་པ་རེད།