དྷ་ས་ལྗང་ཁུ་དང་གཙང་མར་ཉར།

25488439 1511225368931722 8136672186717468980 oལྷའི་ལྗངས་མདོག་་དང་གཙང་མ་ཞེས་པའི་ཟླ་རེའི་ཁོར་ཡུག་གཙང་བཟོ་དེ་ཕྱི་ཟླ་ ༡༢ པའི་ཚེས་ ༡༦ ཉིན་སྤེལ་ཞིང་། ཉིན་དེར་ཆ་ཤས་ལེན་མཁན་ལྷའི་སློབ་ཕྲུག་དང་། དང་བླངས་པ་ ༥༠ ལྷག་བྱུང་ཞིང་། ཐེངས་འདིར་ང་ཚོས་གཙུག་ལག་ཁང་གི་ཉེ་འཁོར་དང་། སྐོར་ལམ། པོ་ཏ་ལའི་ལམ་གསར་པ་སོགས་ཀྱི་གད་སྙིགས་བསྒྲུགས་པ་ཡིན། སྤྱིར་ང་ཚོས་ཟླ་རེ་བཞིན་ས་ཁུལ་འདི་དག་གི་གད་སྙིགས་གཙང་མ་བཟོ་ཀྱི་ཡོད་ཀྱང་། གཙམ་མ་ནམ་བཟོས་ལ་གད་སྙིགས་དོས་སྐྱེལ་རླངས་འཁོར་ཡོངས་སུ་གང་བ་རེ་ཡོང་གི་འདུག

དྷ་སྟེང་གཙང་བཟོའི་ལས་འཆར་ཁང་ (The Clean Upper Dharamshala Program (CUDP) གིས་གང་ཡོང་ཅི་ཡོང་གྱིས་གྲོང་པ་འདི་གཙང་མར་བཟོ་ཐབས་བྱེད་ཅིང་། བོད་རིགས་སྒེར་པའི་ཚོགས་པ་ཉུང་ཤས་ཀྱིས་མཚམས་མཚམས་སུ་ཁོང་ཚོའི་ཉེ་འཁོར་གཙང་མ་བཟོ་བར་འབད་ཀྱི་འདུག་མོད། གང་ལྟར་ཡང་ས་གནས་རྒྱ་གར་བ་རྣམས་ནི་ཉེ་འཁོར་གྱི་གད་སྙིགས་ཀྱིས་གཡོ་འགུལ་གང་ཡང་ཐེབས་ཀྱི་མེད་པ་མངོན་གསལ་དོད་པོ་འདུག་ཅིང་། ང་ཚོའི་ཁོར་ཡུག་གཙང་བཟོའི་ལས་འགུལ་གང་ལ་ཡང་ཆ་ཤས་རྩ་བ་ནས་ལེན་གྱི་མི་འདུག

25586853 1511225525598373 7666628173283150595 oརྒྱ་གར་གྱི་རྩ་ཁྲིམས་གཞིར་བཟུང་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་ཁོར་ཡུག་ཚན་པའི་མགྲིན་ཚབ་ལྷན་ཁང་གིས་ས་གནས་དཔོན་རིགས་ཚོས་གད་སྙིགས་གཙང་མར་བཟོ་ཆེད་གཞུང་དང་། སྒེར། སྡེ་ཚན། མི་སུ་འདྲ་ཞིག་གིས་མི་མང་འདུས་སྡོད་བྱེད་ས་དང་། དེ་མིན་ཆོག་མཆན་མེད་པའི་ས་ཆ་གང་ཞིག་ཏུ་གད་སྙིགས་གཡུག་པ་མཐོང་ཚེ་ཉེས་ཆད་ཧིན་སྒོར་ Rs10,000 དང་། ཨ་སྒོར། US$160/ ཨིན་སྒོར་ £120 གཅོད་རྒྱུ་ཡིན་པའི་སལ་བསྒྲགས་ཤིག་ཟླ་འདིའི་ནང་གནང་སོང་། དེ་ནི་རྒྱ་གར་གཙང་བཟོ་ (Swachh Bharat Abhiyan) ཞེས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རན་དྷ་རཱ་མོ་ཧྡི་ (Narendra Modi) མཆོག་གིས་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྱི་སྲང་ལམ་གཙང་བཟོའི་ཆེད་གསར་འཛུགས་གནང་བའི་ལས་འཆར་དེ་དང་འབྲེལ་བ་ཡོད་པ་རེད་འདུག

གནས་ཚུལ་དེ་ལས་མང་བ་མཁྱེན་འདོད་ཚེ་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲྭ་བ་Www.tibetanatuer.net ཞེས་པར་གཟིགས་གནས་རོགས།