ཕྱི་ཟླ་བཅུ་པའི་ནང་གི་ལྷའི་རིག་གཞུང་བརྗེ་རེས།

21753227 1426354617418798 3117235431729036296 oང་ཚོའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་འོག ཕྱི་ཟླ་བཅུ་པའི་ནང་ང་ཚོས་སྡེ་ཚན་མི་འདྲ་བ་གཉིས་ལ་སྣེ་ལེན་བྱས་པ་ཡིན། སྡེ་ཚན་དང་པོ་དེ་ཨ་རི་ནས་ཡིན་ཞིང་མི་བརྒྱད་ཡོད། ཁོང་ཚོ་ལྷའི་ཞི་བའི་ཚལ་དུ་ཕྱི་ཟླ་བཅུ་པའི་ཚེས་ ༠༡ ནས་ཚེས་ ༡༡ བར་བདུན་གཉིས་རིང་བསྡད་པ་དང་། ཁོང་རྣམས་མི་ཚེའི་བརྒྱུད་རིམ་མི་འདྲ་བ་དང་། ནང་ཆོས་དང་བོད་ཀྱི་དམིགས་བསལ་རིག་གཞུང་ལ་དོ་སྣང་ཡང་མི་འདྲ་བ་རེ་རེ་འདུག

          ཁོང་ཚོས་ང་ཚོའི་ཨིན་ཡིག་གླེང་མོལ་འཛིན་གྲྭ་ལས་ཆ་ཤས་བླངས་ཤིང་། སློབ་མ་ཚོར་ཨིན་ཡིག་ཐོག་སྐད་ཆ་ཤོད་པར་རོགས་རམ་གནང་བ་མ་ཟད། བོད་པའི་གནས་སྟངས་སྐོར་ལ་ཤེས་རྟོགས་སླད་བོད་པའི་ཚོགས་སྡེ་ཁ་ཤས་ལ་སྐོར་སྐྱོད་ཀྱང་གནང་སོང་། མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་ཁོང་ཚོར་ “བདེ་སྐྱིད་ལྡན་པའི་མི་ཚེ་དང་། བག་ཕེབས་ཀྱིས་འཆི་བའི་རྨང་གཞིའི་ལག་ལེན་” གྱི་སྐོར་བཀའ་སློབ་གནང་བར་ཁོང་ཚོས་དགའ་དགུས་ཤིན་ཏུ་ཆེན་པོ་བྱེད་ཀྱི་འདུག སྡེ་ཚན་དེས་སྦེར་བོད་ཀྱི་གཞིས་ཆགས་དང་དགོན་པ་སོགས་སུ་ཡང་སྐོར་སྐྱོང་གནང་སོང་།  

          ལྷ་ཚོགས་པས་ད་དུས་སིངྒ་ཕོར་གྱི་ (Saint Joseph’s Institution International School) ནས་ཡིན་ཞིང་། སློབ་ཕྲུག་བཅུ་ལས་གྲུབ་པའི་སྡེ་ཚན་ཞིག་ལ་སྣེ་ལེན་བྱས་པ་དང་། ཁོང་ཚོས་བདུན་གཅིག་གི་རིང་ང་ཚོའི་ཨིན་ཡིག་དང་། རྒྱ་ཡིག་གི་གླེང་མོལ་འཛིན་གྲྭའི་སློབ་མ་ཚོར་སྐད་ཆ་ཤོད་པར་རོགས་རམ་གནང་བ་རེད། ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིའི་སྐོར་གྱི་གནས་ཚུལ་མང་ཙམ་མཁྱེན་འདོད་ཡོད་ཚེ་ཚོགས་པའི་དྲ་གནས་ http://www.lhasocialwork.org/cultural-exchange སོགས་ལ་གཟིགས་རོགས་ཞུ།