ཕྱི་ཟླ་དགུ་པའི་ནང་གི་རིག་གཞུང་བརྗེ་རེས།

The one i needཕྱི་ལོ་ ༢༠༡༧ ཟླ་ ༠༩ པའི་ནང་ཨ་རི་ནས་ཡིན་པའི་སྐྱེས་མ་བདུན་ལས་གྲུབ་པའི་སྡེ་ཚན་ཞིག་ལ་སྣེ་ལེན་བྱས། སྡེ་ཚན་དེའི་མུད་མེད་རྣམས་སོ་སོའིོ་མི་ཚེའི་སྤྱི་སྡུག་གི་བརྒྱུད་རིམ་མི་འདྲ་བ་རྐྱང་རྐྱང་ཡིན་ཞིན་ཁོང་ཚོ་རེ་རེ་ལ་ནང་ཆོས་དང་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཡུལ་སྲོལ་ལ་དགའ་མོས་མ་འདྲ་བ་རེ་རེ་འདུག

ཁོང་ཚོའི་ལྷའི་ཨཱ་ཧིམ་ས་རུ་སྡོད་རིང་བོད་ནང་གི་གནས་སྟངས་སྐོར་གོ་རྟོགས་སྤེལ་སླད། བོད་ཀྱི་ལྷན་ཁང་ཁ་ཤས་ལ་སྐོར་སྐྱོད་དང་། ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ་རྣམས་ཀྱི་འཆད་རྩལ་ཡར་རྒྱས་སླད་གསུང་མོལ་འཛིན་གྲྭར་ཆ་ཤས་བླངས་ཤིང་། སྦེར་བོད་མིའི་གཞིས་ཆགས་དང་། རྙིང་མ་དགོན་པ་སོགས་སུ་སྐོར་སྐྱོད་ཀྱང་བྱས།

            མཁས་དབང་ཟམ་གདོན་རིན་པོ་ཆེས་ཁོང་ཚོར་བོད་བརྒྱུད་ནང་བསྟན་གྱི་དྲན་ཤེས་བརྟན་གསལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་ཁོང་ཚོས་ཚད་ལས་འདས་པའི་དགའ་མོད་བྱེད་ཀྱི་འདུག