ཨ་རི་ནས་ཡིན་པའི་རིག་གཞུང་བརྗེ་རེས་གནང་མཁན་ཚོ་ཁག་བཞི་དང་མཉམ་ལས་བྱས།

ལྷའི་རིག་གཞུང་བརྗེ་རེས་ཀྱི་ལས་གཞིས་མི་རྣམས་ལ་བོད་ཀྱི་རིག་གཞུང་ལ་རྒྱུས་ལོན་དང་ས་གནས་མི་མང་མཉམ་དུ་ཉམས་མྱོང་བརྗེ་རེས་བྱེད་པའི་མིག་མཐོང་ལག་ཟིན་གྱིས་གོ་སྐབས་དམིགས་བསལ་ཞིག་སྐྲུན་བཞིན་ཡོད་པ་དང་། རིག་གཞུང་ལྟེ་གནས་ཁང་ཁག་དང་། འགྲེམས་སྟོན་ཁང་། གཙུག་ལག་ཁང་། 20017586 10214185804457301 6230712323415475578 oདབུས་བོད་མིའི་སྒྲིག་འཛུགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། སློབ་གྲྭ་ཁག་བཅས་ལ་ཁོ་ཚོའི་འདོད་བློ་དང་བསྟུན་ནས་སྐོར་སྐྱོད་ལ་འཁྲིད་ཀྱི་ཡོད་ཅིང་། ཁུངས་སོ་སོའི་འབྲེལ་ཡོད་ལས་བྱེད་ཀྱིས་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་རྣམས་ལ་འགྲེལ་བཤད་

བྱས་པ་མ་ཚད། དྲི་བ་དྲིས་ལན་གྱི་ལམ་ནས་ཁོང་ཚོའི་ཤེས་འདོད་ཡོད་པའི་གནད་དོན་དང་རྗོད་གཞི་ཁག་དང་། བཙན་བྱོལ་བོད་མིའི་འཚོ་གནས། རིག་གཞུང་། སྲིད་དོན། མི་སྒེར་གྱི་གནས་སྟངས་སོགས་ལ་ཤེས་རྟོག་བྱེད་པའི་གོ་སྐབས་གང་ལེགས་འབུལ་གྱི་ཡོད། སྒེར་སོ་སོའི་གནས་བབས་ལ་མཚོན་ན་སློབ་ཕྲུག་རྣམས་མེག་གྷན་དུ་སྡོད་རིང་། འདིར་སྡོད་མཁན་བོད་རིགས་ལྷའི་སློབ་ཕྲུག་རེ་རེ་དང་མཉམ་དུ་ཕན་ཚུན་ངོ་སྤྲོད་ཀྱིས་ཕྱོགས་གཉིས་ཀའི་ཉམས་མྱོང་དང་བསམ་བློ་བརྗེ་རེས། ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་མོལ་བྱེད་པ་དང་། ལྷག་པར་དུ་ཕན་ཚུན་གྲོགས་པོ་བཟོ་རྒྱུ་སོགས་ཀྱི་གོ་སྐབས་རག་གི་ཡོད་པ་མ་ཟད། ལྷའི་སློབ་ཕྲུག་ཚོར་མཚོན་ན་སྐད་ཡིག་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་རེད།

         དེ་སྔོན་རིག་གཞུང་བརྗེ་རེས་བྱེད་མྱོང་བའི་སློབ་མ་དག་གིས་ཁོང་ཚོ་འདིར་གཟིགས་སྐོར་དུ་ཕེབས་པ་ནས་བཟུང་སྟེ་ང་ཚོར་འབྲེལ་ལམ་བྱས་པ་དང་སྦྲགས། བོད་ནང་གི་གནས་ཚུལ་དང་། འཙན་བྱོལ་བོད་མི་རྣམས་ཀྱི་གནས་སྟངས་སྐོར་སོ་སོའི་ལུང་པ་དང་ས་ཕྱོགས་གཞན་ལ་ཁྱབ་སྤེལ་ཀྱིས་ཐག་རིང་ནས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར། ང་ཚོའི་ངོས་ནས་ཁོང་རྣམས་ཀྱིས་ས་ཕྱོགས་གང་ས་ནས་དོ་སྣང་དང་། མཐུན་འགྱུར། འབྲེལ་གཏུག་བྱེད་པ་བཅས་ལ་གུས་བརྩི་དང་ཡི་རང་ཞུ་བཞིན་ཡོད།

 

བཅོས་མིན་ལམ་གྱི་ཚོགས་སྡེ་ (Rustic Pathways)

        

ཟླ་བ་འདིའི་ནང་ཚོགས་པས་བཅོས་མིན་ལམ་གྱི་ཚོགས་སྡེ་ནས་ཡིན་པའི་སློབ་མིའི་ཚོ་ཁག་མི་འདྲ་བ་གསུམ་ལ་སྣེ་ལེན་ཞུས་ཤིང་། ཕྱི་ཟླ་ ༠༧ ཚེས་ ༢༤ ཉིན་ཚོ་ཁག་མཐའ་མ་དེར་ང་ཚོས་ཕེབས་སྐྱེལ་ཞུས་པ་དང་། བཅོས་མིན་གྱི་ལམ་གྱི་ཚོགས་སྡེ་ནི་སློབ་མ་རྣམས་ལེགས་བཅོས་དང་འགན་ཁུལ་ལྡན་པའི་འགྲུལ་བཞུད་ཀྱི་ཉམས་མྱོང་བརྒྱུད་ནས་འཛམ་གླིང་མི་མང་གི་འཚོ་གནས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པར་ནུས་སྟོབས་སྤེལ་བའི་དམིག་ཡུལ་འཛིན་མཁན་གྱི་ཨ་རིའི་སྒྲིག་འཛུགས་ཤིག་རེད།

        འདི་ལོར་ང་ཚོས་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་ཕེབས་པ་ཁྱོན་སློབ་མ་གྲངས་ ༥༩ ཡོད་པའི་བཅོས་མིན་ལམ་གྱི་ཚོགས་སྡེའི་སློབ་མ་ཚོ་ཁག་ལྔ་ལ་སྣེ་ལེན་ཞུས་ཡོད་པ་རེད། སློབ་མའི་ཚོ་ཁག་ལྔ་ཀས་ཐུན་མོང་སློབ་སྦྱོང་གི་ལས་གཞིར་ཆ་ཤས་བླངས་ཤིང་། ཆ་ཤས་ལེན་མཁན་རཱའེ་ལི་ཧྥོལ་སཱོམ་ (Reilly Folsom) གྱིས་ངས་བོད་རིགས་སློབ་ཕྲུག་ཚོར་ཨིན་ཇི་སློབ་ཞོར་བོད་ཀྱི་རིག་ཞུང་སྐོར་མང་དུ་ཤེས་བྱུང་བ་ནི་ངོ་མཚར་ཆེ་བའི་ཉམས་མྱོང་ཞིག་རེད་ཅེས་ཟེར།

        ཡི་རང་བསྔགས་བརྗོད་མཚོན་བྱེད་དུ་ལྷའི་དྲུང་ཆེ་ནས་ངོ་སྦྱོར་ཡི་གེ་རེ་དང་། དྲན་རྟེན། བོད་ལུགས་ཀྱི་ཁ་བཏགས་རེ་བཅས་ཕུལ་ཞིང་། ལྷ་ཚོགས་པའི་ངོ་ནས་ཕུལ་བྱུང་གི་ན་གཞོན་དེ་རྣམས་ཀྱི་ཕུགས་འདུན་མངོན་གྱུར་ཡོང་བའི་སྨོན་འདུན་ཞུས་པ་རེད། ད་དུང་ང་ཚོས་སློབ་ཕྲུག་ཚོ་ཁག་སོ་སོའི་སྣེ་ཁྲིད་པ་དང་། བཅོས་མིན་ལམ་གྱི་ཚོགས་པ་དང་ང་ཚོའི་དབར་གྱི་མཉམ་ལས་ཀྱི་ལས་གཞི་འདི་དེ་འདྲའི་ལམ་ལྷོང་བྱུང་བར་མཐུན་འགྱུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

ལོ་ཡོ་ལ་གཙུག་ལག་སློབ་གྲྭ་ (Loyola University)

 

 སྐུ་ཞབས་མེ་ཁཱལ་སཱི་མཱི་ཐཱི་ (Mr Michael Smith) ཡིས་སྣེ་ཁྲིད་པའི་ལོ་ཡོ་ལ་གཙུག་ལག་སློབ་གྲྭ་ (Loyola University) ཚོ་ཁག་དེ་དྷ་སར་བདུན་གཉིས་ལྷག་བཞུགས་པ་དང་། ང་ཚོའི་ཐུན་མོང་སློབ་སྦྱོང་གི་ལས་གཞིར་ཆ་ཤས་བླངས་ཤིང་། མཇུག་ཏུ་ལྷའི་འགན་འཛིན་ངག་དབང་20414280 1385472681506992 8125710160690123519 oརབ་རྒྱས་གྱིས་རྟེན་འབྲེལ་སྨོན་འདུན་ཞུ་ཆེད་ཁོང་ཚོ་མི་རེ་ལ་བོད་ལུགས་ཁ་བཏགས་དང་ལྷའི་དྲན་རྟེན་ཕུལ་ཞིང། ལས་གཞི་འདི་ལམ་ལྷོམ་ཡོང་ཕྱིར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས།

     སྡེ་ཚན་ཞིག་གི་སྣེ་འཁྲིད་མཁན་བསོད་ནམས་ལགས་ཀྱིས་སློབ་མའི་འདུ་འཛོམས་དེར་བོད་ཀྱི་སྒྲ་སྙན་དཀྲོལ་བ་དང་གཞས་བཏང་བ་སོགས་བྱས། ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་སློབ་མ་ (Loyola University) ཝེག་ཋོར་རཱི་ཡ་ཤཱ་ཝོན་ཁཱ་མཱན་ (Victoria Shavone Nachman) གྱིས་ལུགས་གཞན་གྱི་སློབ་མ་ང་དང་ན་མཉམ་རྣམས་དང་ལྷན་དུ་དུས་ཚོད་གཏོང་བར་ང་ཧ་ཅང་དགའ། ངས་སློབ་གྲོགས་ལས་བོད་ཀྱི་སྐོར་མང་པོ་སྦྱངས་པ་ཡིན་ཞེས་ཟེར།

 

ལཱུ་ཟཱི་ཡཱ་ནཱ་མངའ་སྡེའི་གཙུག་ལག་སློབ་གྲྭ་ (Louisiana State University)

       

སྐུ་ཞབས་ནཱེལ་གྷའེ་ཌི་རཱི་ (Mr Neil Guidry) ཡིས་སྣེ་ཁྲིད་པའི་ལཱུ་ཟཱི་ཡཱ་ནཱ་མངའ་སྡེའི་གཙུག་ལག་སློབ་གྲྭ་ (Louisiana State University) ཡི་སྨན་སློབ་ཚོ་ཁག་ཅིག་དྷ་སར་བདུན་གཉིས་ལྷག་བཞུགས་པ་དང་། ཁོང་ཚོས་བཙུན་དགོན་སྒྲོལ་མ་གླིང་དང་། སྦིར་ལ་ཡོད་པའི་དགོན་པ་སོགས་སུ་སྐོར་སྐྱོད་ཀྱིས་སོ་དང་མིག་ལ་རིན་མེད་བརྟག་དཔྱད་དང་། གཙང་བཟོ། དེ་བཞིན་དེར་བཞུགས་པ་རྣམས་ལ་སྤྱིར་བཏང་གི་གཟུགས་པོའི་འཕྲོད་བསྟེན་སོགས་ལ་བརྟག་དཔྱད་བྱས། ཁོང་ཚོས་བོད་ཀྱི་སྨན་རྩིས་ཁང་གི་སློབ་མ་རྣམས་ལ་ཐུག་ཕྲད་ཀྱིས་སྨན་གྱི་སྐོར་ཤེས་ཡོན་བརྗེ་རེས་བྱས་པ་དང་། དྷ་སའི་བོད་ཀྱི་ཚོགས་སྡེ་གཞན་འདྲ་མིན་ལ་བསྐྱོད་དེ་བོད་པའི་སྤྱི་ཚོགས་སུ་འཕྲད་བཞིན་པའི་གནས་དོན་ལ་སློབ་སྦྱོང་གནང་བ་རེད།

        དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལུས་ཀྱི་འཕྲོད་བསྟེན་དང་སེམས་ཀྱི་བདེ་ཐབས་དང་འབྲེལ་བའི་ནང་པའི་ལྟ་གྲུབ་ “Buddhist Philosophy in Relation to Physical Health and Mental Well-being.” སྐོར་བཀའ་སློབ་ཟབ་རྒྱས་གནང་།       ཕེབས་སྐྱེལ་གསོལ་སྟོན་སྐབས་ཁོང་ཚོའི་ཉམས་མྱོང་རྣམས་ལྷའི་ལས་བྱེད་རྣམས་ལ་གསུངས་པ་དང་། ལྷའི་འགན་འཛིན་ངག་དབང་རབ་རྒྱས་ཀྱིས་ཁོང་ཚོར་བོད་ལུགས་ཁ་བཏགས་དང་། ལྷའི་དྲན་རྟེན་སོགས་ཕུལ་ཏེ་དྭང་བླངས་ཞབས་ཞུ་གནང་བར་བཀའ་དྲིན་ཆེ་ཞུས།

 

གྷོའོ་བྷི་ཡཱོན་ཌི་ཚོགས་པ་དང་ལྷན་རིག་གཞུང་བརྗེ་རེས། Go Beyond

       

        ཟླ་བ་འདིའི་ནང་ང་ཚོས་གྷོའོ་བྷི་ཡཱོན་ཌི་ (Go Beyond) ནས་ཕེབས་པའི་སློབ་མའི་ཚོགས་ཁག་ཞིག་ལ་ཡང་སྣེ་ལེན་ཞུས་པ་ཡིན། གྷོའོ་བྷི་ཡཱོན་ཌི་ནི་དེ་སྔོན་རྒྱལ་སྤྱིའི་རང་བཞིན་གྱི་ཚེ་གང་གི་བྱ་གཞག་ལ་རྟོག་ཞིབ་འགྲུལ་བཞུད་ཀྱི་ལས་གཞི་སྐྲུན་མཁན། འཚོ་གནས་སམ་མི་ཚེར་འགྱུར་བ་20229867 1382805051773755 7870845748620553504 oགཏོང་སྲིད་པའི་གཞན་ཕན་ལྷག་བསམ་ཅན་གྱི་སློབ་གསོ་བའི་སྡེ་ཁག་ཅེས་པར་ངོས་འཛིན་ཐོབ་ཡོད། ལྷ་དང་གྷོའོ་བྷི་ཡཱོན་ཌི་ལོ་མང་མཉམ་ལས་བྱས་ཤིང་། འདི་ལོར་ཨ་རིའི་ན་གཞོན་ ༡༡ ལས་གྲུབ་པའི་སྡེ་ཚན་ཞིག་དྷ་སར་ཕེབས་ཏེ། ཕྱི་ཟླ་བདུན་པའི་ཚེས་ ༡༧ ནས་ ༢༩ བར་ང་ཚོའི་ཐུན་མོང་སློབ་སྦྱོང་གི་ལས་གཞིར་ཆ་ཤས་བླངས་ཤིང་། བོད་ཀྱི་སྒྲིག་འཛུགས་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་གཟིགས་སྐོར་ཡང་ཕེབས། ང་ཚོས་བོད་མི་མང་སྤྱི་འཐུས་དང་ཆབ་སྲིད་ཉམས་ཞིབ་པ་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་གདན་ཞུས་ཀྱིས་བོད་ཀྱི་ད་ལྟའི་གནས་བབ་སྐོར་སློབ་མའི་ཚོ་ཁག་དེར་གསུང་བཤད་གནང་བ་དང་། ཉིན་མཐའ་མར་ང་ཚོའི་ལུགས་སྲོལ་ལྟར་བོད་ལུགས་ཁ་བཏགས་དང་ལྷའི་དྲན་རྟེན་ཕུལ་ཞིང་། ཁོང་ཚོའི་མ་འོངས་པར་བྱ་གཞག་ལེགས་གྲུང་ཡོང་བའི་སྨོན་འདུན་དང་། ང་ཚོའི་ལས་གཞི་ལས་ཆ་ཤས་བླངས་པ་དང་། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།

 

ཐེངས། {hits}21{/hits} བཀླགས་འདུག