ཕྱི་ཟླ་༧པའི་ནང་སློབ་ཚོགས་ཁག་གསུམ་དང་རིག་གཞུང་བརྗེ་རེས་གོ་སྒྲིག་བྱས།

lifeworks-studeent-group

ཕྱི་ལོ་༢༠༡༣ཟླ་༧པའི་ནང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། Rustic Pathways Inn ཚོགས་པ་བརྒྱུད་ནུབ་ཕྱོགས་ཀྱི་སློབ་ཕྲུག་ཁག་ཅིག་དང་། དེ་བཞིན་ Lifeworks International ཚོགས་པ་བརྒྱུད་ནས་སློབ་ཕྲུག་ཁག་གཉིས་བཅས། རྒྱལ་ཁབ་འདྲ་མིན་གྱི་སློབ་ཕྲུག་ཚོགས་པ་ཁག་གསུམ་ལ་ཕྱི་ལོ་ཟླ་༧་པའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་འདྲ་མིན་གོ་སྒྲིག་ཞུས།

དམིགས་བསལ་ང་ཚོས་ནུབ་ཕྱོགས་ཀྱི་སློབ་ཕྲུག་རེ་རེར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྐད་ཡིག་འཛིན་གྲྭའི་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་རེ་ཆ་སྡེབ་ཀྱིས་དབྱིན་སྐད་ཡིག་གཙོ་སྐད་ཡིག་གཞན་ཡར་རྒྱས་གཏོང་བ་དང་ནུབ་ཕྱོགས་ཀྱི་རིག་གནས་སློབ་གསོ་སྐོར་རྒྱུས་ལོན་བྱས་ཡོད་ལ། ནུབ་ཕྱོགས་སློབ་ཕྲུག་ཚོས་ཀྱང་བོད་པའི་རིག་གཞུང་དང་བཙན་བྱོལ་བོད་མིའི་གནས་སྟངས་མང་པོར་རྒྱུས་ལོན་བྱས་པ་བརྒྱུད་བོད་པའི་རིག་གནས་དང་ད་ལྟའི་གནས་བབས་སྐོར་གོ་རྟོགས་གོང་འཕེར་བྱུང་ཡོད།

rustic-pathwayརིག་གནས་བརྗེ་རེས་གྱི་ལས་འདི་བརྒྱུད་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག་ཚོས་དྷ་རམ་ས་ལ་དང་བོད་མིའི་གནས་སྟངས་རྒྱུས་ལོན་བྱེད་པའི་ཐབས་ལམ་ཡག་ཤོས་ཆགས་ཡོད་པ་དང་།
གོ་སྐབས་འདིས་ཕན་ཚུན་འབྲེལ་འདྲིས་དང་རིག་གཞུང་ཁག་གཏིང་ཟབ་ཤེས་རྟོགས་ཡོང་བ་མ་ཟད། བཙན་བྱོལ་བོད་མིའི་མི་ཚེ་ལོ་རྒྱུས་དང་། ་བོད་མི་རྣམས་སྐྱབས་བཅོལ་ལ་ཡོང་བའི་ཉམས་མྱོང་སོགས་ཕན་ཚུན་རྒྱུས་ལོན་བཅས་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་བྱུང་ཡོད།

གཞན་ཡང་། ཁོང་ཚོར་གནད་ཡོད་མི་སྣས་བོད་མིའི་གནས་སྟངས་འདྲ་མིན་ཐོག་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་ཀྱིས། རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱིས་སློབ་མ་དེ་དག་བོད་མིའི་རིག་གཞུང་དང་། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས། སྐྱབས་བཅོལ་བའི་མི་ཚེ་བཅས་ཀྱི་སྐོར་གོ་རྟོགས་དང་དོ་སྣང་ཤུགས་ཆེ་རུ་སླེབས་ཐབས་བཅས་བྱས་ཡོད་པ་རེད།

ཐེངས། {hits}148{/hits} བཀླགས་འདུག