ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་བརྒྱད་པ།

gamru-school-slide

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྒྱ་བསྐྱེད་འོག་ Rotary Club Dharamshala དྷ་སའི་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་མཉམ་འབྲེལ་གྱིས། ཕྱི་ལོ་༢༠༡༣ཟླ་༦པའི་ཚེས་༦ཉིན་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱི་ལས་འཆར་ཐེངས་བརྒྱད་པ་ལག་བསྟར་བྱས་ཡོད་ཅིང་།

ཆུ་ཚགས་འཕྲུལ་ཆས་མ་ལག་ཆ་ཚང་ཞིག་ས་གནས་རྒྱ་གར་གྱི་ Gamru village school གྷམ་རུ་གྲོང་གསེབ་སློབ་གྲྭའི་ནང་གསར་འཛུགས་བྱས་ཡོད།

གྷམ་རུ་གྲོང་གསེབ་སློབ་གྲྭ་ནི་ཕྱི་༢༠༠༤ལོ་གསར་འཛུགས་བྱས་ཤིང་། སློབ་གྲྭ་དེ་ནི་མེ་གྷན་གྱི་རི་གཤམ་དུ་གནས་པའི་དྷ་རམ་ས་ལའི་ཉེ་འགྲམ་དུ། ཐོབ་དབང་ཞན་པའི་རྒྱ་གར་བ་ཡུལ་མི་ཨ་སྤོ་ཁྱིམ་ཚང་ཁག་གི་བྱིས་པར་སློབ་སྦྱོང་སྤྲོད་ཆེད་དུ་དམིགས་པ་ཞིག་རེད་འདུག

སློབ་གྲྭ་དེས་ད་ལྟའི་ཆར་སློབ་མ་གྲངས་༡༤༢ཙམ་ལ་འཛིན་རིམ་༨པའི་བར་སློབ་སྦྱོང་སྤྲོད་ཀྱིན་ཡོད་པ་དང་། འཛིན་སྐྱོང་ལས་བྱེད་དང་སློབ་སྦྱོང་སྤྲོད་མཁན་སོགས་བསྡོམས་པའི་དགེ་ལས་གྲངས་༡༣ཙམ་ཡོད།

འདི་ལོ་ཆར་དུས་འགོ་འཛུགས་མ་བྱས་གོང་སློབ་ཕྲུག་དེ་དག་གི་བདེ་ཐང་ཆེད་ཆུ་ཚགས་འཕྲུལ་ཆས་ཞིག་ཆེད་མངག་གསར་འཛུགས་བྱས་ཡོད་པ་རེད།

gamru-school3སློབ་གྲྭ་དེའི་ནང་གསར་འཛུགས་བྱས་པའི་ UV+UF རྟགས་ཅན་གྱི་ཆུ་ཚགས་འཕྲུལ་ཆས་དེ་ནི། ས་གནས་འདིར་ཡོད་པའི་ཆུ་ཚགས་འཕྲུལ་ཆས་ནང་ཐོན་རིམ་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ཆུ་ཚོད་རེར་ཆུ་ལི་ཊར་༢༠༠ཙམ་བཙགས་ནས་གསོག་ཉར་བྱེད་ཐུབ་ཀྱིན་ཡོད་པ་མ་ཚད། དེའི་ཆུ་སྣོད་ནི་ངར་ལྕགས་ལས་གྲུབ་པའི་ཆུ་ལི་ཊར་༢༠༠ཡི་ཤོང་ཚད་ལྡན་པ་ཞིག་ཡོད་པས་དེ་ནི་ཆུ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་ཆུ་སྣོད་ནས་ཆུ་གཙང་མ་མུ་མཐུད་བེད་སྤྱོད་བྱེད་ཀྱི་ཡོད།

བྱིས་པའི་ཚོགས་སྡེ་ཆུང་ཆུང་དེའི་ནང་དྭངས་གཙང་གི་བཙགས་ཆུ་དེ་འཐུང་ཆུ་ཙམ་མ་ཟད། ཞལ་ལག་བཟོ་ས་དང་། སྔོ་ཚལ་བཀྲུ་ས་སོགས་བྱས་ཀྱང་བེད་སྤྱོད་འདང་ངེས་ཡོད་པ་རེད།

སློབ་གྲྭ་དེའི་སློབ་སྤྱི་ Meenakshi Sharma མེད་ནཱ་ཁཱ་ཤི་ཤར་མཱ་ལགས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འདི་ལྟ་བུའི་རིན་ཐང་ཅན་གྱི་ཞལ་འདེབས་ཤིག་གནང་བར་ཧ་ཅང་དགའ་པོ་བྱུང་། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཕྲུ་གུ་འདི་དག་ལ་མཚོན་ན། དམིགས་བསལ་ཆར་དུས་སྐབས་སུ་དཀའ་ངལ་ཆེན་པོ་ཡོད་པས། དེར་བརྟེན་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

དེ་བཞིན་དྷ་རམ་ས་ལར་ཡོད་པའི་རྒྱལ་སྤྱིའི་རོ་ཊར་སྤྱི་ཚོགས་ཚོགས་པའི་རིན་ཐང་ཆེ་བའི་ལས་རིམ་འདིའི་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།