མེ་སི་ཀོའི་སློབ་མ་དང་རིག་གཞུང་བརྗེ་རེས་བྱས་པ།

mexican 1

ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། མེ་སི་ཀོའི་བྱང་ཤར་གྱི་མངའ་སྡེ་ནུ་ཨེ་ཝོ་ལོན་(Nuevo León )གྱི་རྒྱལ་ས་མོན་ཊེར་རའེ་(Monterrey ) དུ་བརྟེན་གཞི་བྱས་པའི་གཙུག་ལག་སློབ་གཉེར་ཁང་ཆེ་ཤོས་ཤིག་གི་དགེ་རྒན་གསུམ་གྱིས་སྣེ་ཁྲིད་པའི་སློབ་མ་ ༢༡ ལ།

ཕྱི་ལོ་ ༢༠༡༣ ལོའི་ཆེས་མཐའ་མའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་ཞུས་ཡོད་པ་རེད།

དགེ་སློབ་དེ་དག་ཕྱི་ཟླ་ ༡༢ པའི་ཚེས་ ༡༡ ཉིན་དྷ་རམ་ས་ལར་འབྱོར་བ་དང་། ཁྱོན་དུས་ཡུན་བདུན་ཕྲག་ ༣ རིང་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་དང་། བོད་མིའི་རིག་གཞུང་སོགས་ལ་རྒྱུས་ལོན། དེ་བཞིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་གོ་སྒྲིག་ཞུས་པའི་ལས་རིམ་ཁག་འདྲ་མིན་ནང་མཉམ་ཞུགས་བྱས་ཡོད་པ་རེད།

ཕྱི་ཚེས་ ༡༦ ཉིན་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཞི་བའི་ཚལ་ (Ahimsa house) དུ་ཕེབས་ནས་སློབ་ཕྲུག་རྣམས་ལ་བདེན་པ་བཞིའི་ཐོག་ནས་ནང་ཆོས་ངོ་སྤྲོད་དང་། mexican 2གཞི་རྩའི་སྒོམ་སྒྲུབ་ཉམས་ལེན་གནང་སྟངས། འཚེ་བ་མེད་པ་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང་དྲི་བར་དྲིས་ལན་སོགས་གནང་ཡོད།

ཕྱི་ཚེས་ ༢༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་སློབ་ཕྲུག་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་དེ་དག་གི་བྱེད་སྒོ་རྣམསངོ་སྤྲོད་དང་། ད་ལྟའི་བོད་ནང་གི་གནས་སྟངས་བཅས་ངོ་སྤྲོད་གནང་ཡོད།

དེ་རྗེས་ཕྱི་དྲིལ་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཉམས་ཞིབ་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས། mexican 3ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་བསྟན་པ་རྒྱལ་མཚན་ལགས་ནས་བོད་ཀྱི་གཙང་ཆུ་དང་། སྲིད་པའི་གངས་རིའི་གལ་གནད། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་རང་བྱུང་ཁོར་ཡུག་གཏོར་བཤིག་སྐོར། དེ་བཞིན་ད་ལྟའི་ཆར་བོད་ནང་འབྲོག་པ་གནས་སྤོའི་སྲིད་བྱུས་ཀྱི་ངན་འབྲས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

གཞན་ཡང་སློབ་ཕྲུག་རྣམས་ཀྱིས་དྷ་རམ་ས་ལར་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་འདྲ་མིན་གྱི་འགན་འཛིན་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་ཁག་ཅིག་དང་འབྲེལ་ཡོད་གཞུང་ཞབས་སོགས་དང་ལྷན་དུ་བོད་མིའི་ཆབ་སྲིད་དང་། mexican 4རིག་གཞུང་། སྤྱི་ཚོགས་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་སྐོར་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་། རྒྱུས་ལོན་བྱེད་པའི་གོ་སྐབས་བྱུང་ཡོད་པ་རེད།

མ་ཚད་སློབ་ཕྲུག་རྣམས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་སྨན་རྩིས་ཁང་། བོད་ཀྱི་འགྲེམས་སྟོན་ཁང་། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་སོགས་སུ་ཁྲིད་ནས། བོད་ཀྱི་རིག་གཞུང་དང་སྐྱབས་བཅོལ་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།