ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གྱོན་གོས་བགོ་འགྲེམས་ཀྱི་ལས་གཞི།

clothing 1

ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༦ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། དྷ་རམ་ས་ལའི་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་གི་རྒྱ་གྲམ་དམར་པོའི་ཚོགས་པར་ཁྱོན་གྱོན་གོས་གྲངས་ ༡༠༠༠ ཙམ་ས་གནས་རྒྱ་གར་མི་མང་

དགོས་མཁོ་ཅན་རྣམས་ལ་ཞལ་འདེབས་སྤྲད་ཡོད་པ་རེད།

གྱོན་གོས་དེ་དག་ཕྱི་ལོ་ ༢༠༡༣ ལོར་ལྷའི་དང་བླངས་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱིས་ཞལ་འདེབས་གནང་བ་ཡིན་ཞིང་། ཉིན་དེར་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ། གཞན་ཡང་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམས་ལས་རིམ་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད།
clothing 2ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། མ་འོངས་པར་མུ་མཐུད་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་མཉམ་འབྲེལ་གྱིས་དྷ་རམ་ས་ལའི་ས་གནས་རྒྱ་གར་མི་མང་དགོས་མཁོ་ཅན་རྣམས་ལ་གྱོན་གོས་དེ་བཞིན་ཞལ་འདེབས་འབུལ་རྒྱུ་མ་ཚད། དྷ་ས་གནས་བསྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལའང་དགོས་མཁོ་ཆེ་བའི་མི་མང་ལ་དེ་བཞིན་གྱོན་གོས་ཞལ་འདེབས་འབུལ་རྒྱུའི་འཆར་གཞི་ཡོད་པ་རེད།
clothing 3ཕྱི་ལོ་ ༢༠༠༣ ནས་བཟུང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས། ཞལ་འདེབས་གནང་བའི་གྱོན་གོས་གྲངས་ ༣༠༧༧༩ ཙམ་བོད་མི་དང་ས་གནས་རྒྱ་གར་མི་མང་ལ་བགོ་འགྲེམས་བྱས་ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ ༡༠ པའི་ནང་ཧྥ་རན་སིའི་མཚོ་གླིང་ (Reunion islands) ནས་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་ཕྲུག་ ༡༧ གྱིས་མི་རེས་གྱོན་གོས་ལྟོ་ཕད་གང་རེ་ཞལ་འདེབས་གནང་ཡོད་པ་རེད།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་གྱོན་གོས་ཞལ་འདེབས་གནང་མཁན་ཡོངས་དང་ལྷག་པར། ཧྥ་རན་སི་ནས་ཕེབས་པའི་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་མ་དང་། ཨོ་སི་ཊོ་ལི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Australia Tibet Council ) བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།