ལྷའི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༡༢པ་ལག་བསྟར་བྱས་པ།

Dr School 1

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཐེངས་༡༢པ་དེ། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཡོད་པའི་ཧར་པ་པུར་ཟླ་བ་རིག་འབྱུང་སློབ་གྲྭའི་(Dawa Rinjue School Society) ནང་

གསར་འཛུགས་ལེགས་གྲུབ་བྱུང་ཡོད་པ་རེད།

ཟླ་བ་རིག་འབྱུང་སློབ་གྲྭ་ནི་སློབ་ཕྲུག་ཕོ་མོ་གཉིས་ཀ་ཡོད་པའི་སློབ་གྲྭ་ཞིག་དང་། སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༩༡ ལོ་ནས་ཡོད་ཅིང་། སློབ་གྲྭ་དེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་ཡོངས་འབྲིང་རིམ་ཡིག་རྒྱུགས་སུ་ཆ་ཤས་བླངས་ཆོག་གི་ཡོད་འདུག

སློབ་གྲྭ་དེ་ནི་ཧར་པར་པུར་ས་གནས་སུ་བརྟེན་གཞི་བྱས་ཡོད་ཅིང་། རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་རྒྱལ་ས་དྷེ་ར་རྡུན་ནས་བར་ཐག་སྤྱི་ལེ་ ༣ ཙམ་གྱི་མཚམས་སུ་གནས་ཡོད་པ་དང་། རྒྱུན་དུ་སློབ་གྲྭ་དེའི་འཐུང་ཆུ་ལྕགས་མདོང་བརྒྱུད་ནས་ཡོང་གི་ཡོད་ཀྱང་གཙང་མ་དང་བདེ་འཇགས་དེ་ཙམ་མེད་པ་རེད།
དེར་བརྟེན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དགེ་ལས་ ༢༥ དང་། སློབ་ཕྲུག་ ༤༧༥ ཙམ་ཡོད་པའི་སློབ་གྲྭ་དེར་འཐུང་ཆུ་གཙང་བཟོའི་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱ་རྒྱུ་ཐག་གཅོད་བྱས།DR School 2
རིག་འབྱུང་སློབ་གྲྭའི་ནང་ལ་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་ཡང་ས་གནས་དེར་ཡོད་པའི་ཆུ་ཚགས་འཕྲུལ་ཆས་ནང་རྒྱུ་སྤུས་ཡག་ཤོས་གྲས་ཤིག་ཡིན་པས་མ་ཚད། དེས་ཀྱང་ཆུ་ཚོད་རེར་དྭངས་གཙང་གི་བཙགས་ཆུ་ལི་ཊར་ ༡༠༠ ལྷག་ཙམ་མཁོ་འདོན་ཐུབ་ཀྱི་ཡོད་པ་དང་། ཆུ་ལི་ཊར་ ༥༠༠ ཙམ་ཤོང་ཚད་ལྡན་པའི་ངར་ལྕགས་ཀྱི་ཆུ་སྣོད་བཅས་ཡོད་པ་རེད།
ཐེངས་འདིར་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་པ་བརྒྱུད། ས་གནས་དེར་རྒྱུན་ལྡན་གྱི་བཙོག་ཆུ་ན་ཚ་སོགས་ཀྱི་ཉེན་ཁ་ལས་གྲོལ་བ་དང་། ལྷག་པར་ཆར་དུས་སྐབས་ཀྱི་འཐུང་ཆུ་དཀའ་ངལ་ཡོངས་སུ་སེལ་ནས་སློབ་ཕྲུག་རྣམས་བདེ་ཐང་ཐོག་སློབ་སྦྱོང་ལ་འབད་བརྩོན་བྱེད་ཐུབ་པའི་རེ་བ་ཡོད།
DR School 3ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཟླ་བ་རིག་འབྱུང་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ནས་ཆུ་ཚགས་འཕྲུལ་ཆས་འདིའི་སྦྱིན་བདག་སྔོན་མ་ང་ཚོའི་དྭང་བླངས་བ་ཨར་ཡན་ལོ་ཁེ་དང་། (Ryan Lockee) ཁོང་གི་ཨ་རིའི་ཁལ་ཕོ་ནིང་ཨའི་གྲོང་ཁྱེར་སན་ཧྥ་རན་སི་ཀོའི་ནང་ཡོད་པའི་ཨེ་སི་ཊི་གྷ་བྷེ་རལ་སློབ་གྲྭའི་(St. Gabriel's School) ལོ་རིམ་དྲུག་པའི་སློབ་མ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
འདི་ནི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཕྱི་ལོ་ ༢༠༡༤ ལོར་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་ཨང་གཉིས་པ་དང་། ད་དུང་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འདི་ལོར་ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༥ ཙམ་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།