ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཨེ་ཙི་སྐོར་གོ་རྟོགས་སྤེལ་བ།

AIDS 2ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༦ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ལྷའི་སྐད་ཡིག་འཛིན་གྲྭ་ཁག་གི་སློབ་མ་རྣམས་ལ་ཨེ་ཙིའི་སྐོར་གོ་རྟོགས་སྤེལ་སྐབས། ཁྱོན་སློབ་མ་ ༤༠ ཙམ་མཉམ་ཞུགས་ཀྱིས་དྲི་བ་དྲིས་ལན་བཅས་བྱས་ཡོད་པ་རེད།


ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཨེ་ཙི་སྐོར་གོ་རྟོགས་ཤེས་བྱ་བོད་དབྱིན་གཉིས་ནས་འགྲེམས་སྤེལ་དང་། ཧིན་དྷིའི་ནང་ལའང་ཡིག་བསྒྱུར་བྱས་ཡོད་པས་མི་རིང་བ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་དང་། ཨེ་ཙིའི་ནི་དྷ་རམ་ས་ལར་མཚོན་ན་ཧ་ཅང་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན་པ་རེད།
AIDS 1ཨེ་ཙི་འགོས་ཁྱབ་བཀག་འགོག་དང་། ཨེ་ཙི་ན་ཚ་ཡོད་མཁན་ཚོར་མཐོང་ཆུང་དབྱེ་འབྱེད་ཀྱི་རིགས་མེད་པ་བཟོ་ཐབས་སུ་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་འབད་བརྩོན་ཆེན་པོ་བྱས་དང་བྱེད་བཞིན་པ་ཞིག་དང་། དྷ་རམ་ས་ལར་ཨེ་ཙིའི་སྐོར་གོ་རྟོགས་སྤེལ་མཁན་ཚོགས་སྡེ་ཉུང་ཤས་ཤིག་ལས་མེད་སྟབས། མ་འོངས་པར་གོ་རྟོགས་ཟབ་སྦྱོང་མང་ཙམ་གོ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད།
ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་ཆེད་ཀྱི་ཚོགས་པ་ཞིག་དང་། ཉེ་བའི་ཆར་ཚོགས་པས་ཁོར་ཡུག་དང་འཕྲོད་བསྟེན་གྱི་ལས་བྱེད་གསར་པ་བསྐོས་ནས་ཕྱི་ལོ་ ༢༠༡༤ ལོར་དམིགས་བསལ་ཨེ་ཙིའི་སྐོར་ལས་འགུལ་གང་མང་སྤེལ་རྒྱུའི་འཆར་གཞི་ཡོད་པ་ཞིག་ཡིན།
ཐེངས་འདིར་སློབ་མ་རྣམས་ལ་ཨེ་ཙིའི་སྐོར་གོ་རྟོགས་སྤེལ་མཁན་ལྕམ་ཇཱ་ཌི་ཀོན་ལོན་ལགས་ཀྱིས་ཨེ་ཙིའི་སྐོར་གོ་རྟོགས་སྤེལ་བའི་དེབ་ཆུང་གསར་བཟོ་དང་། ཁོ་མོས་གཙོས་པའི་གཞན་ཡང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།