ཕྱི་ལོ་ ༢༠༡༤ ལོའི་ལྷ་དང་རིག་གཞུང་བརྗེ་རེས་བྱེད་མཁན་ཐོག་མ།

Lhas first exchange group of  2014 1ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༧ ཉིན་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ལོའུ་སི་ནཱའི་ (Louisiana) ནང་བརྟེན་གཞི་བྱས་པའི་ (Centenary) སན་ཊན་ནཱ་རེ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཌ་ཝེ་ཌེ་ཨོ་ཊོ་ (David Otto) ལགས་དང་།

མེ་ཆལ་སི་མི་ཐི་ (Michael Smith) ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་སློབ་གཉེར་ཁང་དེའི་སློབ་མ་ ༡༠ ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་རིག་གཞུང་བརྗེ་རེས་ཆེད་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཡོད་པ་རེད།

སྤྱིར་ཨ་རི་དང་མེ་སི་ཀོ་གཙོ་བོར་གྱུར་པའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་གང་སའི་མཐོ་རིམ་སློབ་གཉེར་ཁང་དང་། གཙུག་ལག་སློབ་གཉེར་ཁང་། ཚོགས་སྡེ་ཁག་འདྲ་མིན་བཅས་ནས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་ལྷན་དུ་རིག་གཞུང་བརྗེ་རེས་ཆེད་ལོ་ལྟར་ཚོ་ཁག་བཅུ་གྲངས་ཤིག་དྷ་རམ་ས་ལར་ཕེབས་ཀྱི་ཡོད་པའི་ནང་། འདི་ནི་ཕྱི་ལོ་ ༢༠༡༤ ལོའི་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་ཚོ་ཁག་ཐོག་མ་དེ་ཆགས་ཡོད།

Lhas first exchange group of  2014 2སློབ་ཕྲུག་དེ་དག་ཁྱོན་དུས་ཡུན་བདུན་ཕྲག་གསུམ་ཙམ་རིང་བསྡད་པ་དང་། དུས་ཡུན་དེའི་ནང་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་མ་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་སློབ་མ་དབར་སོ་སོའི་རིག་གཞུང་ངོ་སྤྲོད་དང་། བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་བྱེད་པའི་གོ་སྐབས་བཟང་པོ་བྱུང་བས་མ་ཚད། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་སློབ་ཕྲུག་རྣམས་ལ་རྒྱ་ནག་གི་མནར་གཅོད་འོག་བཙོན་ཁང་དཀའ་སྡུག་ཇི་ལྟར་མྱངས་མིན་སོགས་གཏམ་བཤད་འགྲེལ་བརྗོད་བྱས་ཡོད།

དགེ་སློབ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གཟིགས་སྐོར་དང་། ལྷན་ཁང་ཁག་གི་སྒྲོམ་གཞི་དང་། བྱེད་སྒོ་ཁག་རྒྱུས་ལོན་བྱས་པས་མ་ཚད། དེ་བཞིན་སྦིར་བོད་མིའི་གཞིས་ཆགས་དང་། མཚོ་པདྨ། མན་ཌི་བཅས་སུ་བསྐོར་བསྐྱོད་ཀྱིས་སྐྱབས་བཅོལ་བོད་མིའི་གནས་སྟངས་དང་འཚོ་བར་རྒྱུས་ལོན་བྱས།

Lhas first exchange group of  2014 3ཕྱི་ཚེས་ ༢༧ ཉིན་ལྷས་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་དགེ་སློབ་དང་། ཁོང་ཚོ་དང་ལྷན་དུ་རིག་གཞུང་དང་བསམ་ཚུལ་བརྗེ་རེས་བྱེད་མཁན་ལྷའི་སློབ་མ་བཅས་ལ་དགོང་མོའི་ཞལ་ལག་ཞིག་གོ་སྒྲིག་དང་། སྐབས་དེར་དགེ་སློབ་རྣམས་ལ་དྲན་རྟེན་དང་ཁ་བཏགས་བཅས་ཕུལ་ནས། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་བཙན་བྱོལ་བོད་མི། ཡང་སྒོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོས་འདིར་ཕེབས་པར་སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད།