བྱམས་པ་གླིང་རྒས་གསོ་ཁང་ལ་འཐུང་ཆུ་གཙང་མའི་འཕྲུལ་ཆས་གསར་འཛུགས།

Jampaling 1ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ལྷག་པ་ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་༡༤པ་ལག་བསྟར་གྱིས་དྷ་སའི་མེཀ་ལོར་བྱམས་པ་གླིང་རྒས་གསོ་ཁང་དུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་རེད།

Jampaling 2རྒས་གསོ་ཁང་འདིའི་ནང་རྒས་འཁོགས་མི་གྲངས་ ༡༥༠ ཙམ་དང་ལས་བྱེད་ ༡༣ གྱིས་འཐུང་གཙང་མར་ལོང་སྤྱོད་བྱེད་རྒྱུ་བྱུང་ཡོད་པ་རེད།
ཚུ་ཚགས་འཕྲུལ་ཆས་དེས་ཆུ་ཚོད་གཅིག་ནང་ཆུ་ལེ་ཊར་ ༡༠༠ མཁོ་འདོན་ཐུབ་ཀྱི་ཡོད་པ་དང་དེ་བཞིན་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་ལེ་ཊར་༥༠༠ཤོང་ཚད་ལྡན་པ་ཞིག་མཉམ་དུ་མཐུན་རྐྱེན་རོགས་རམ་བྱས་ཡོད་པ་རེད།
ཐེངས་འདི་འཐུང་ཆུ་གཙང་མའི་ལས་འཆར་འདི་ཨ་རི་བོད་ཀྱི་ཐེབས་རྩས་རོགས་དངུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ད་དུང་འདི་ལོ་ལྷའི་འཐུང་ཆུ་གཙང་མའི་ལས་འཆར་འོག་ཆུ་ཚགས་འཕྲུལ་ཆས་གྲངས་བཞི་ཙམ་གསར་འཛུགས་བྱ་འཆར་ཡོད།
ང་ཚོའི་ཚོགས་པས་ད་ཕན་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་ ༡༤ ལག་བསྟར་བྱས་པ་བརྒྱུད་མི་གྲངས་ ༦༣༠༠ ལྷག་ཙམ་ལ་འཐུང་གཙང་མར་ལོང་སྤྱོད་བྱས་དང་བྱེད་བཞིན་པ་རེད།
ད་ཐེངས་ཀྱི་ལས་འཆར་འདི་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་རེ་སྐུལ་གནང་བར་ལྟར་གསར་འཛུགས་བྱས་པ་ཞིག་ཆགས་ཡོད། ལས་འཆར་འདི་བཞིན་འདི་ལོ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་བཞིན་པའི་ཆ་ཤས་སུ་གསར་འཛུགས་བྱས།
འདི་ལོར་ད་དུང་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་ཀྱི་ལས་འཆར་ཐེངས་ ༡༥ པ་དང་ ༡༦ པ་རིང་མིན་ལག་བསྟར་བྱ་རྒྱུ་ཡིན་པ་རེད།