བདེ་སྐྱིད་གླིང་སམ་བྷོ་ཊ་གཏན་སློབ་ཏུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Dekyiling STS 4ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༢ ཉིན་ལྷ་སྤྱི་ཚོགས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་དང་བསྟུན། འཛམ་གླིང་ཆུའི་ཉིན་མོར་རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་བདེ་སྐྱིད་གླིང་སམ་བྷོ་ཊ་གཏན་སློབ་ཏུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་རེད།

Dekyiling STS 1

བདེ་སྐྱིད་གླིང་སམ་བྷོ་ཊ་གཏན་སློབ་ནི་རྒྱ་གར་བྱང་ཕྱོགས་ཀྱི་ཨུཏ་རན་ཁན་ཌི་མངའ་སྡེའི་གྲོང་ཁྱེར་དྷེ་ར་རྡུན་ནས་སྤྱི་ལེ་༡༠ ཡས་མས་ཀྱི་སར་ཡོད་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དུ་ཡོད་ཅིང༌། ཐོག་མར་ཕྱི་ལོ་ ༡༩༨༢ ཕྱི་ཟླ་ ༦ ཚེས་༡ ཉིན་འབྲུག་ཡུལ་གྱི་བཙན་བྱོལ་བོད་མིའི་བུ་ཕྲུག་ཚོའི་སློབ་སྦྱོང་མཇུག་སྐྱོང་སླད་གསར་འཛུགས་བྱས་པ་ཞིག་རེད་འདུག་ལ་ད་ལྟའི་ཆར་སློབ་གྲྭ་དེར་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་ཡོད་པ་ཞིག་རེད་འདུག

Dekyiling STS 2ཐེངས་འདིར་ངེད་ཚོགས་པས་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་ ༡༨ པ་དེ་ལག་བསྟར་གྱིས་སློབ་གྲྭ་དེར་གསར་འཛུགས་བྱས་པའི་ཆུ་ཚོགས་འཕྲུལ་ཆས་དེས་ཆུ་ཚོད་རེ་ཆུ་ལི་ཊར་ ༡༠༠ གཙང་བཟོ་ཐུབ་ཀྱི་ཡོད་པ་དང་། ད་དུང་ཆུ་ལི་ཊར་ ༥༠༠ ཡི་ཤོངས་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་ཚོད་བཅས་ཡོད་ཅིང་། འཕྲུལ་ཆས་དེ་ནི་ས་ཁུལ་དེར་ཡོད་པའི་ཆུ་ཚགས་འཕྲུལ་ཆས་ཡག་ཤོས་ཤིག་ཡིན་པ་རེད།

ང་ཚོས་སློབ་གྲྭ་དེའི་ནང་གི་སློབ་ཕྲུག་གྲངས་ ༡༧༩ དང་དགེ་ལས་གྲངས་ ༣༠ བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ཙམ་གྱིས་འཐུང་ཆུའི་དཀའ་ངལ་སེལ་ནས། ཁོང་ཚོའི་བདེ་ཐང་དང་འཕྲོད་བསྟེན་སྔར་ལྷག་ཡོང་བའི་རེ་བ་ཞུ་བཞིན་ཡོད་ལ། 2015-03-31 15.14.48གོ་སྐབས་འདིའི་བརྒྱུད་འཕྲུལ་ཆས་འདིའི་མ་དངུལ་རོགས་རམ་གནང་མཁན་ཨ་རིའི་སན་ཧྥ་རན་སི་ཀོ་ནས་ལྷའི་སྔོན་མ་དང་བླངས་ལས་བྱེད་རན་ལོ་ཁེ་(Ryan Lockee)དང་། ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ལོའི་ནང་ཁོང་གི་འཛིན་རིམ་དྲུག་པའི་སློབ་ཕྲུག་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད།

Dekyiling STS 3ང་ཚོས་ད་དུང་གཞིས་ཆགས་དང་། བཙུན་དགོན། གྲྭ་ཚང་། སློབ་གྲྭ་བཅས་ཀྱི་ནང་ཆུ་ཚགས་འཕྲུལ་ཆས་ཁག་ཅིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་ལ། འཛམ་གླིང་གི་ས་ཕྱོགས་གང་ས་ནས་གཏོང་ཕོད་ཆེ་བའི་སྦྱིན་བདག་རྣམས་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞུ་རྒྱུ་དང་། ད་བར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༡༨ གསར་འཛུགས་བྱས་ཟིན་སྟབས། དེས་ཁྱོན་མི་གྲངས་ ༧༤༧༤ ཙམ་གྱི་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།